本版导航 各版导航 视觉导航 标题导航 以往报纸

རང་ཁུལ་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་འགྲེམ་ གཏོང་དང་བེད་སྤྱོད་ཀྱི་བྱ་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པ།

藏文报 新闻    时间:2022年01月22日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)འགན་བཅོལ་ལྔ་གཅིག་གྱུར་གྱི“བྱང་གཅིག་ཀུན་རྒྱུག”གི་ཞབས་ཞུ་མངོན་འགྱུར་བྱ་ཆེད།    ཁུལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྲིད་ཇུས་དྲིལ་བསྒྲགས་དང་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྲོད་པའི་བྱ་བའི་སྤེལ་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད། ཁུལ་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུ་སྤྲོད་པའི་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།
    2021ལོའི་ཟླ 11པའི་ཟླ་མཇུག་ཐུག་བར་དུ། ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོ་འགན་བཅོལ་ཐོབ་ཐང་ཅན་མི 76520ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 73790ལ་སྤྲད་པ་རེད། སྤྱི་ཚོགས་འགན་བཅོལ་བྱང་བུ་འགྲེམ་གཏོང་དང་བེད་སྤྱོད་ཚད 96.4%ཟིན་པ།  དེའི་ཁྲོད་དུ་གཙོས་གྲོང་ཁྱེར་ལ་མི 6395 ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 6164ལ་སྤྲད་པ་དང་། སྤྲོད་ཚད 96%ཟིན་པ། བསང་ཆུ་རྫོང་ལ་མི 9905ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 9388སྤྲད་པ་དང་། སྤྲོད་ཚད 95%ཟིན་པ།  ཀླུ་ཆུ་རྫོང་ལ་མི 3399 ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 3149ལ་སྤྲད་པ་དང་།  སྤྲོད་ཚད 92.6%ཟིན། རྨ་ཆུ་རྫོང་ལ་མི 3312ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 3069ལ་སྤྲད་པ་དང་། སྤྲོད་ཚད 92.7%ཟིན་པ། ཅོ་ནེ་རྫོང་ལ་མི 11421ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 10954ལ་སྤྲད་པ་དང་།  སྤྲོད་ཚད 95.9%ཟིན་པ་རེད།  ལིན་ཐན་རྫོང་ལ་མི 19546ཡོད་པ་དང་། སྤྱི་ཚོགས་འགན་སྲུང་བྱང་བུ་མི 18923ལ་སྤྲད་པ་དང་སྤྲོད་ཚད 96.8%ཟིན་པ། ཐེ་བོ་རྫོང་ལ་མི 5718ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 5403ལ་སྤྲད་པ་དང་། སྤྲོད་ཚད 94.5%ལ་ཟིན།  འབྲུག་ཆུ་རྫོང་ལ་མི 16824ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་བྱང་བུ་མི 16740ལ་སྤྲད་པ་དང་། སྤྲོད་ཚད 99.5%ཟིན་ཡོད།།