本版导航 各版导航 视觉导航 标题导航 以往报纸

པར་རིས་གསར་འགྱུར།

藏文报 新闻    时间:2022年01月22日    来源:藏文报



     ཉེ་ཆར། ཞི་ཨན་གྱི་ནད་ཡམས་ཛ་དྲག་ཆེ་བས། རྒྱལ་ཡོངས་མི་དམངས་ལ་སེམས་ཁྲལ་ཆེན་པོ་བྱེད་དུ་བཅུག ཅོ་ནེ་རྫོང་ཙེ་ཧྥུན་ཁེ་ལས་ཚད་ཡོད་ཀུང་སིས“ཕྱོགས་གཅིག་དཀའ་ངལ་དང་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”རོགས་རམ་གྱི་སྙིང་སྟོབས་བཅིངས་ཏེ་ཧུར་ཐག་ངང་དངོས་ཟོག་ཞལ་འདེབས་བྱས་པ་དང་། ནད་ཡམས་འགོག་པའི་འཚོ་བའི་དངོས་རྫས་ཞོག་ཁོག་རྒྱ་མ་ཁྲི 3.4གྲ་སྒྲིག་བྱས་ཏེ། ཞི་ཨན་གྲོང་ཁྱེར་ཡན་ཐ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དམིགས་འཛུགས་ས་གནས་སུ་བསྐྱལ་ནས་ཞི་ཨན་མི་དམངས་དཀའ་ངལ་ལས་སྒྲོལ་བར་རོགས་སྐྱོར་བྱས། ཞི་ཨན་གྱི་ཛ་དྲག་ཆེ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ནུས་ཤུགས་བཏོན།།