ཀེའུ་ཚོད་ཀྱི་རིམས་ནད་སྔ་ཙམ་ཚོད་འཛིན་བྱེད་དགོས།
藏文报
作者:
新闻 时间:2022年01月22日 来源:藏文报
1.རེས་འདེབས་ལག་བསྟར་བྱེད་པ། ལུག་མཉེའི་ཚན་དང་ཇའེ་འབྲས་ཚན་གྱི་སྔོ་ཚལ་མིན་པ་དང་རེས་འདེབས་ལོ 2-3བྱ་དགོས། སྡོང་བོ་གཏན་ཁེལ་མ་བྱས་གོང་ས་ཁོད་ཡག་པོ་སྙོམས་པ་དང་ལུད་རྫས་འདང་ངེས་རྒྱག་དགོས་ཤིང་། འཁྱགས་མ་ཐེབས་གོང་མུའུ་རེར་རུལ་སྨིན་ཡག་པོ་བྱུང་བའི་སྐྱེ་ལྡན་ལུད་སྨི་རྒྱ་དཔངས་གྲུ་བཞི་མ 20བརྒྱབ་རྗེས་ས་ངོས་སྙོམས་པོ་བཟོ་དགོས་པ་དང་དུག་སེལ་སྨན་རྗས་ལ་ཤིན་ཀོའོ་ཀྲི་མོའོ་ལྡབ 800བསྲེས་ཏེ་ས་རྒྱུར་དུག་སེལ་ཐག་གཅོད་བྱ་དགོས། སང་ལོར་ཡང་བསྐྱར་ས་ཁོད་སྙོམས་པ་དང་ཆུ་གཤོང་སའི་ཡུར་བུ་ཡག་པོ་བྲུས་ཏེ་ཆུ་ལོག་ཞོད་སྐྱོན་འགོག་དགོས།
2.ཚན་རིག་དང་མཐུན་པའི་ཆུ་འདྲེན་པ་དང་ལུད་རྒྱག་དགོས། དེ་ཡང་གནམ་གཤིས་དྭངས་བའི་སྔ་དྲོ་ཆུ་འདྲེན་པ་དང་ཆུ་འདྲེན་ཟིན་རྗེས་ལམ་སེང་གུར་ཁང་གི་སྒོ་བརྒྱབ་ནས་དྲོད་ཚད་འཕར་བ་དང་རླུང་གློད་དེ་བཞའ་རླན་ཕྱིར་འབུད་བྱེད་པ་དང་དུས་མཚམས་ས་རྒྱུ་སོབ་སོབ་རྒྱུར་ཤུགས་སྣོན་རྒྱག་པ་མ་ཟད་རླུང་གློད་དེ་བརླན་ཚད་དམའ་རུ་གཏོང་དགོས་ཤིང་། ནད་ཐོན་པའི་ས་ཆར་སྔོན་ལ་ཐག་གཅོད་བྱེད་པ་དང་ཆབས་ཅིག་ཆུ་འདྲེན་མཚམས་འཇོག་དགོས། དུས་ཚོད་གཏན་ཁེལ་ཐོག་ཕྲ་ལུད་ཕུན་སུམ་ཚོགས་པོ་འདུས་པའི་ལོ་མའི་འཚོ་བཅུད་རྫས་ལ་ཤིན་ཀོའོ་ཀྲེ་མོའོ་བསྲེས་ཏེ་གཏོར་ནས་སྡོང་རྐང་སྐྱེ་འཚར་བརྟན་པོ་ཡོང་དང་ཆབས་ཅིག་དུས་བསྟུན་དུ་སྡོང་རྒྱས་ལིང་གཏོར་ན་སྡོང་རྐང་སྦོམ་ལ་ལོ་མ་མཐུག་པ་དང་ལོ་མའི་མདོག་ཁ་སོས་པ། སྡོང་ལག་རྒྱས་པ། རང་བྱུང་གི་བྲོ་བ་ཡག་པ་བཅས་ཡོང་ཐུབ།
3.སྨན་རྫས་ཀྱིས་འགོག་བཅོས་བྱེད་པ། ནད་ཐོག་མར་ཐོན་པའི་སྐབས་དུས་ཐོག་ཏུ་སྡོང་སྲུང་དགོས་མཁོར་གཞིགས་ཏེ 75%ཡི་པེ་ཅུན་ཆིང་ལྡབ 500-700ཡི་གཤེར་ཁུ་དང 72%ཀྱི་ཁེ་ལུའུ་བརླན་རང་བཞིན་གྱི་སྨན་ཕྱེ་ལྡབ 600ཡི་གཤེར་ཁུ་སོགས་དམིགས་སའི་རང་བཞིན་གྱི་སྨན་རྫས་ཀྱིས་འགོག་བཅོས་བྱ་དགོས་པ་དང་ཉིན 10ཡི་གཡས་གཡོན་ལ་ཐེངས 1དང་བསྟུན་མར་འགོག་བཅོས་ཐེངས 2-3བྱ་དགོས། དུས་མཚུངས་དམིགས་སའི་རང་བཞིན་གྱི་སྨན་རྫས་ལ་ཤིན་ཀོའོ་ཀྲེ་མོའོ་ལྡབ 800ཡི་གཤེར་ཁུ་ཟུང་འབྲེལ་བྱས་ཏེ་གཏོར་ན་སྨན་ནུས་མཐོ་རུ་འགྲོ་ཐུབ་ལ་སྨན་རྫས་ཀྱི་ནུས་ལྡན་གྲུབ་ཆ་བེད་སྤྱོད་ཚད་མཐོ་རུ་ཕྱིན་ཏེ་འགོག་བཅོས་ནུས་པ་བརྟན་དུ་འགྲོ་ཐུབ།།