རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་སྤྱི་འདོམས་
སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་ཐད་ཕྱོགས་གསུམ་གྱི་བྱ་བ་ཡག་པོ་བསྒྲུབ་དགོས་པ།
藏文报
作者:
新闻 时间:2022年01月22日 来源:藏文报
ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་གྱི “དམག་འཐབ་དྲག་པོ”གཉིས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་རྒྱུར་གཞི་ཚུགས་པ་དང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ལ་དམ་འཛིན་ནན་པོ་བྱས་ནས་དག་ཐེར་བྱ་བ་དམ་འཛིན་ནན་མོ་བྱས།
དབུལ་ཐར་མཁྲེགས་གཏོར་བྱ་བ་རྒྱལ་ཁ་ཕུ་ཐག་གཅོད་པར། ལོ་མཇུག་ཏུ“རྒྱུགས་ཤོག”སྤྲོད་དགོས་ཤིང་། མང་ཚོགས་ལ་ཁས་ལེན་བྱེད་དུ་འཇུག་ཐུབ་མིན་དང་ལོ་རྒྱུས་ལ་རྩིས་སྤྲོད་བྱེད་ཐུབ་མིན་དེ་ངེས་པར་དུ་ནན་པོ་དང་བདེན་པ་བདེན་ཐུབ་བྱ་དགོས། དུས་བབ་གསར་བའི་འོག་དབུལ་ཐར་མཁྲེགས་གཏོར་དེ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ནས་ཁྱོན་ཡོངས་ཀྱི་རྒྱལ་ཁའི་ཕྱོགས་སུ་ཇི་ལྟར་སྐྱོད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་ལ་སྤྱི་འདོམས་སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་ཐད་ཕྱོགས་གསུམ་གྱི་བྱ་བ་ཡག་པོ་བསྒྲུབ་དགོས།
གཅིག་ནས་གཙོ་གནད་དམ་འཛིན་བྱེད་དགོས་པ་སྟེ། ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་གྱི་དབུལ་བོའི་ཚོགས་སྤྱི་ལས། སྔ་མ་ནི “ས་ཁུལ་གསུམ་དང་ཁུལ་གསུམ ”དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་མེད་པའི་རྫོང་དང་ཞིང་སྡེ་ཡིན། ས་ཁུལ་དེ་རིགས་ཀྱི་ཐོན་ཁུངས་ཁོར་ཡུག་གི་ཆ་རྐྱེན་ཞན་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་དར་རྒྱས་ཆེན་པོ་མེད་པས་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ཡིན་ལ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བསྐྱར་དུ་དབུལ་བོར་འགྱུར་རྒྱུ་སྔོན་འགོག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཀྱང་ཡིན། དེར་བརྟེན། དབུལ་ཐར་ལ་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན་འཚོལ་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྒོ་བྱང་བཀལ་ནས་དབུལ་ཐར་བྱ་བར་ལྟ་སྐུལ་བྱ་དགོས། མཐའ་མའི་དཀའ་གནད་མཐའ་གཅིག་ཏུ་ཐག་གཅོད་བྱ་དགོས། ཕྱི་མ་ནི་རྒན་རྒོན་དང་དབང་པོ་སྐྱོན་ཅན། ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་མི་ཚོགས་སོགས་ཡིན་ཞིང་། དབུལ་བོ་མི་གྲངས་ཁྲི 551ལྷག་གི་ནང་ནས་བསྡུར་ཚད་ངེས་ཅན་ཞིག་ནི་མི་ཚོགས་དེ་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ཡིག་ཆ་ཨང་དང་བོའི་དགོངས་དོན་གཞིར་བཟུང་ད་ཡོད་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། རྒན་གསོ་འགན་བཅོལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་ལ་བརྟེན་ནས་མཐའ་སྐྱོང་གིས་དབུལ་ཐར་ཐུབ་པ་བྱ་རྒྱུ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ཀྱིས་མི་ཚོགས་འདི་རིགས་ལ་རོགས་སྐྱོར་བྱས་ཏེ། ནད་ཀྱི་དབང་གིས་བསྐྱར་དུ་དབུལ་བོར་མི་འགྱུར་བར་འགན་ལེན་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དང་དབུལ་ཐར་སྲིད་ཇུས་འབྲེལ་མཐུད་དང་། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱིས་རོགས་འདེགས་བྱས་ཏེ་ཁྱོན་ཡོངས་ནས་དབུལ་ཐར་བྱ་དགོས།
གཉིས་ནི་རིམས་གནད་སྔོན་འགོག་དང་དབུལ་ཐར་གཉིས་ཀ་དམ་འཛིན་ནན་པོ་བྱ་དགོས། རིམས་ནད་བྱུང་ཚུལ་མེད་པའམ་ཡང་ན་རིམས་ནད་བྱུང་ཚུལ་ཅུང་ཡང་བའི་ས་ཁུལ་གྱིས་སེམས་ཤུགས་གཅིག་བསྡུས་ཀྱིས་དབུལ་བྲལ་དམ་འཛིན་དང་། ཐོན་ལས་འཕེལ་རྒྱས་དམ་འཛིན། དཔྱིད་རྨོད་ཐོན་སྐྱེད་དམ་འཛིན་བཅས་བྱ་དགོས། རིམས་ནད་ཕོག་ཁུལ་གྱིས་རིམས་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དབུལ་སྐྱོར་ལས་འགན་ཡོད་པའི་ཁེ་ལས་ཀྱིས་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱས་ནས་ས་ཁུལ་དབུལ་བོའི་གྲོང་གསེབ་ལ་ལས་ཞུགས་ཐུབ་པ་དང་ཕྱིར་གླ་བ་སྐྱོད་ཐུབ་པ་བྱས་ཏེ་ཁོང་ཚོའི་རིམས་ནད་ལས་བྱུང་བའི་ཡོང་འབབ་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱ་དགོས།
གསུམ་ནས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱས་ནས་དབུལ་ཐར་ཐུབ་པའི་རྫོང་དང་གྲོང་གསེབ་ཏུ་སྲིད་ཇུས་མི་འགྱུར་བ་དང་། འགན་འཁྲི་མི་འགྱུར་བ། ལམ་སྲོལ་འགྱུར་བ་མེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་དང་བྱ་བའི་ལམ་སྲོལ་བརྟན་པོའི་ངང་ཕྱོགས་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ལེགས་པོ་དང་། གཉེར་སྐྱོང་བ་འཐུས་ཚང་། གླ་གཏོང་ཞིང་བའི་ལས་ཞུགས་བརྟན་འཇགས་དང་། གྲོང་གསེབ་ཀྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས “ཞིང་གསུམ”བྱ་བ་དམ་འཛིན་བྱ་དགོས།།
(ཏང་འཛུགས་ཞིབ་འཇུག་དྲ་བ་ལས་བསྒྱུར།)