本版导航 各版导航 视觉导航 标题导航 以往报纸

ཞི་ཅིན་ཕིང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གི་ གསུང་བཤད་ལ་ཚོགས་ཞུགས་འཐུས་མིའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་བ།

藏文报 新闻    时间:2022年01月22日    来源:藏文报

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་སྐབས་ནན་གྱིས་བསྟན་དོན། གཟབ་ནན་གྱི་རྩ་བའི་བྱེད་ཕྱོགས་གཙོ་བོར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་གཏིང་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གདམས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་ལ་ཚོགས་ཞུགས་འཐུས་མིའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་ནི་དུས་རབས་གསར་བའི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ལག་ལེན་རླབས་ཆེན་ཞིག་ཡིན་ལ། དེས་ལོ་བརྒྱའི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་རྣམ་པ་གསར་བ་བཏོད་ཡོད།
    ཚོགས་ཞུགས་འཐུས་མི་རྣམས་ཀྱིས་འདོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་དང་རྒྱ་སྐྱེད་དུ་གཏོང་བ། ཐོག་མའི་བསམ་འདུན་སྔར་ལས་ཡིད་ལ་བརྟན་པོར་ངེས་པར་བྱེད་པ། ཐོག་མའི་བསམ་འདུན་གྱི་ལས་འགན་བློ་ལ་བརྟན་པོར་ངེས་པར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་བྱས་ཏེ། གཟབ་ནན་གྱི་རྩ་བའི་བྱེད་ཕྱོགས་གཙོ་བོར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་སྔར་ལས་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། རྒྱུགས་སྤྲོད་ལམ་བུ་གསར་བའི་སྟེང་ནས་གྲུབ་འབྲས་བཟང་བོ་ལེན་པ་བཅས་བྱ་དགོས།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རུལ་སུངས་ལ་རྒོལ་བའི་ཆབ་སྲིད་ཀྱི་བརྟན་ཤུགས་སྲུང་འཛིན་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་མཉམ་དུ་སྐུལ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས། རུལ་སུངས་ཀྱི་གནད་དོན་འབྱུང་ཁུངས་དང་ཆ་རྐྱེན་གནས་ཚེ་རུལ་སུངས་ཀྱི་སྣང་ཚུལ་རྩ་མེད་དུ་གཏོང་མི་ཐུབ་ལ། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱང་མཚམས་འཇོག་མི་སྲིད།
    ད་ལོའི་ལོ་སྨད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྩིས་ཡོད། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། དུས་ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་མཐའ་འཁྱོལ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་དུ་བཟང་བོ་རྒྱག་རྒྱུ་དང་། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་བ།  སྙིང་རུས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ལམ་བཞིའི་སྤྱོད་ཚུལ་གསར་བ་ཡོ་བསྲང་བྱེད་པ། ན་གཞོན་ལས་བྱེད་པར་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ན་གཞོན་ལས་བྱེད་པ་རྣམས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་བློ་གཏད་ཆོག་པའི་ལས་བྱེད་པར་འགྱུར་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ལས་རིམ་སོ་སོའི་ལྟ་སྐུལ་བྱེད་ཤུགས་སྔར་ལས་ཚད་ལྡན་ཅན་དང་སྔར་ལས་ནུས་ལྡན་ཅན། སྔར་ལས་ཕན་ནུས་ལྡན་པ་བཅས་ཡོང་བར་བྱས་ཏེ། ལག་ལེན་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱ་དགོས།།     
                 (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)