ལི་ཁེ་ཆང་གིས་གཙོ་
འགན་བཞེས་ཏེ་རྒྱལ་
སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་
བསྡུས་པ།
藏文报
作者:
新闻 时间:2022年01月22日 来源:藏文报
ཟླ 1པའི་ཚེས 19ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་འགན་བཞེས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དུས་རིམ་རྗེས་མ་དང་ལྷག་པར་དུ་ལུགས་རྙིང་ལོ་སར་སྐབས་ཀྱི་རྡོ་སོལ་དང་གློག སྣུམ། འབར་སྣུམ་བཅས་ཀྱི་སྐྱེལ་འདྲེན་ལ་སྔར་ལས་ཤུགས་སྣོན་པ་དང་ཚོང་རའི་མཁོ་སྤྲོད་འགན་ལེན་གྱི་བྱ་བར་བཀོད་སྒྲིག་བྱས། དུས་བཀག་ལ་ཐོན་ཡོད་པའི་ཁྲལ་ཉུང་ཇེ་ཡང་དུ་གཏོང་བ་དང་མ་དངུལ་ཉུང་གཏོང་གི་སྲིད་ཇུས་རེ་འགའ་མུ་མཐུད་དུ་གོ་ཆོད་པ་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་ཐད་གཏན་འབེབས་བྱས།
གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ས་གནས་དང་སྡེ་ཁག་སོ་སོས་ནུས་ཁུངས་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ལ་ཤུགས་བསྣན་པར་བརྟེན། མིག་སྔར་རྡོ་སོལ་དང་གློག སྣུམ། འབར་སྣུམ་བཅས་ཀྱི་སྐྱེལ་འདྲེན་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། འབྲུ་རིགས་དང་སྣུམ། ཤ སྔོ་ཚོད་སོགས་ཀྱི་མཁོ་འདོན་བྱེད་ཚད་འདང་ངེས་དང་རིན་གོང་བརྟན་པོ་ཡིན། མ་འོངས་པར་གཅིག་ནས་ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་པའི་ས་གནས་སྲིད་གཞུང་གི་ཁོངས་གཏོགས་འགན་འཁྲི་དང་ཁེ་ལས་ཀྱི་རང་བདག་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། རྡོ་སོལ་རྒྱུན་གཏན་ངང་ཐོན་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྡོ་སོལ་དང་གློག་དང་འབྲེལ་བའི་ཁེ་ལས་ལ་མཁོ་ངེས་ཀྱི་རྒྱབ་སྐྱོར་བྱས་ནས། འབར་སྣུམ་མཁོ་འདོན་ལ་འགན་ལེན་བྱ་དགོས་པ་དང་། གཉིས་ནས་ཤ་དང་སྔོ་ཚོད། སྒོ་ང་བཅས་ཀྱི་གྲོང་དཔོན་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། སྔོ་ཚལ་དང་ཤ སྒོང་ང་། འོ་མ། ཆུ་ཐོན་དངོས་རྫས་སོགས་ཀྱི་ཐོན་སྐྱེད་བྱ་བ་དམ་པོར་འཛིན་དགོས། ཚོང་རའི་མཁོ་སྤྲོད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཛད་སྤྱོད་རྒྱ་སྐྱེད་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གནོད་སྐྱོན་ཕོག་པའི་མང་ཚོགས་དང་དཀའ་ངལ་ཆེ་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་གནམ་གཤིས་ངན་པ་དང་གློ་བུར་དུ་ཐོན་པའི་རིམས་ནད་སོགས་ངེས་གཏན་མེད་པའི་རྒྱུ་རྐྱེན་ལ་ཁ་གཏད་འཇལ་བའི་སྔོན་ཇུས་བཟང་བོ་བཟོས་ནས། ས་གནས་ལ་མཛུབ་སྟོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བཟང་བོ་བྱེད་པའི་དུས་མཚུངས་སུ། འགྲིམ་འགྲུལ་དྲ་རྒྱ་གཙོ་བོ་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་སྡེ་ཁུལ་གྱི་ནུས་པ་འདོན་སྤེལ་བྱེད་པ། འཚོ་བའི་དངོས་ཟོག་སྐྱེལ་འདྲེན་བཟང་བོ་བྱེད་པ་བཅས་བྱ་དགོས། བཞི་ནས་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རིན་གོང་ཧམ་སྤོར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས།
ཚོགས་ཐོག་ནས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།།
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)