本版导航 各版导航 视觉导航 标题导航 以往报纸

ཧན་ཀྲིན་གྱིས་གཙོ་འགན་བཞེས་ཏེ་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་ གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།

藏文报 新闻    时间:2022年01月22日    来源:藏文报

    ཟླ 1པའི་ཚེས 18ཉིན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་གཙོ་འགན་བཞེས་ཏེ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ལ། 2021 ལོའི་བྱ་བའི་འཕེལ་རིམ་ལ་སྤྱི་སྡོམ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། 2022 ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
    ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩ་གཉིས་དམ་འཛིན་བྱས་ནས། གཙོ་གནད་བྱ་བ་ཁག་དམ་འཛིན་ནན་མོ་བྱ་དགོས། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་རྒྱུར་ཤུགས་བསྣན་ནས། ལོ་ལྔའི་འཆར་འགོད་ཨང་བཅུ་བཞི་བའི་འཆར་འགོད་ནང་གཏན་འཁེལ་གསལ་བོ་བྱས་ཡོད་པའི་རྒྱལ་ཁབ་ཀྱི་བཟོ་སྐྲུན་ལས་གཞི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་དང་། ས་གནས་ཁག་གིས་ལག་གཞི་གཙོ་བོའི་གྲ་སྒྲིག་དང་དུས་འགོའི་བྱ་བ་ལ་ཤུགས་སྣོན་རྒྱུར་མཛུབ་སྟོན་བྱ་དགོས། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་དགོས་མཁོར་ཞབས་འདེགས་ཞུ་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཙོ་གནད་ཁྱབ་ཁོངས་འགའ་ཞིག་ལ་ཚད་བརྒལ་ཡོང་བར་བརྩོན་ལེན་བྱ་དགོས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས། སྒྲིག་སྲོལ་ལམ་སྲོལ་བཅས་གཞི་གཅིག་ཅན་དུ་འགྱུར་བའི་ཐད་ལ་ཤུགས་སྣོན་པ་དང་། ལམ་ལུགས་འབྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་ནས་འཁོར་རྒྱུག་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རང་མོས་ཉོ་ཚོང་ཁུལ་གྱི་ཚོང་གཉེར་དངུལ་གཏོང་ལམ་སྲོལ་གྱི་བཅོས་སྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལམ་ལུགས་རྣམ་པའི་སྒོ་འབྱེད་ཐད་ལམ་བུ་གསར་བ་བསྐྲུན་པ་བཅས་བྱ་དགོས། རིམས་ནད་འགོག་སྡོམ་ལ་ཤུགས་སྣོན་པ་དང་ནུས་ཁུངས་མཁོ་སྤྲོད་འགན་ལེན་ལ་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་ཁག་བཟང་བོ་བསྒྲུབ་དགོས།
    ལི་ཆང་དང་ཧི་ལི་ཧྥུན་ཚོགས་འདུར་ཞུགས།། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འཕྲིན་ལྟར།)