ཡུས་ཁྲིན་ཧུའེ་ཡིས་འབྲུག་ཆུ་དང་ཐེ་བོ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ། ཞིང་ཆེན་ཏང་གི་འཐུས་མི་ ཚོགས་ཆེན་ཐེངས་བཅུ་ བཞི་བའི་དགོངས་དོན་ སློབ་སྦྱོང་དང་ལག་བསྟར་ བྱེད་པའི་ཞིང་ཆེན་ཏང་ཨུའི་ སྒྲོག་འགྲེལ་ཚོགས་པའི་ཀན་ ལྷོ་ཁུལ་གྱི་སྒྲོག་འགྲེལ་སྙན་ ཞུའི་གྲོས་ཚོགས་ཚོགས་པ། ཁུལ་སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཚོགས་པ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་ གསོ་ལག་ལེན་ཡུལ་དངོས་ལྟ་སྦྱོང་ཚོགས་པ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་སོང་ནས་ལྟ་སྦྱོང་བྱས་པ། གསར་འགྱུར་མདོར་བསྡུས།
本版导航 各版导航 视觉导航 标题导航 以往报纸

ཡུས་ཁྲིན་ཧུའེ་ཡིས་འབྲུག་ཆུ་དང་ཐེ་བོ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ།

藏文报 新闻    时间:2022年06月25日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 21ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་འབྲུག་ཆུ་རྫོང་དང་ཐེ་བོ་རྫོང་དུ་སོང་ནས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་ལེན་ནན་མོ་བྱེད་པ། “གསར་གསུམ་མཐོ་གཅིག”གི་སྤྱིའི་བླང་བྱར་རྐང་བཙུགས་ཏེ། དུས་ནམ་ཡང་ལྷོད་གཡེང་མི་གཏོང་བའི་འབད་འཐབ་ཀྱི་ཉམས་འགྱུར་དང་དུས་རྟག་ཏུ་རྒྱལ་ཁ་འཐོབ་ངེས་ཀྱི་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་། བློ་སེམས་རྩེ་གཅིག་དང་འབད་བརྩོན་ཆེན་པོས་བྱ་བ་བསྒྲུབས་ཏེ་ཡུལ་སྐོར་བགྲོད་ལམ་ཆེན་པོ་ཤར་གཏོང་དང་ཡུལ་སྐོར་སྐོར་ལམ་ཆེན་པོར་འདྲེས་སུ་འཇུག་པ། ཡུལ་སྐོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
    ཡུས་ཁྲིན་ཧུའེ་འཁོར་དང་བཅས་སྔ་གཞུག་ཏུ་འབྲུག་ཆུ་རྫོང་ཧན་པན་གྲོང་རྡལ་དང་ཀླུ་རྩེད་གྲོང་རྡལ། སྦྲ་རྫོང་གྲོང་རྡལ། ཐེ་བོ་རྫོང་དབང་བཟང་གྲོང་རྡལ་དང་སྟེང་ཁ་གྲོང་རྡལ་བཅས་སུ་སོང་ནས་མཛེས་ལྗོངས་ཁུལ་གཏོད་པ་དང་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ། དམངས་སྡོད་འཛུགས་སྐྲུན་སོགས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ལས་གཞི་ལག་བསྟར་གྱི་གནས་ཚུལ་ལ་ཞིབ་མོ་བལྟས། ཁོས་འབྲུག་དཀར་གཙང་བོའི་ཡུལ་ལྗོངས་ལམ་ཐིག་ནི་སི་ཁྲོན་དང་ཁྲུང་ཆིན་ས་ཁུལ་གྱི་ཡུལ་སྐོར་བ་ས་མཐོར་བསྐྱོད་པའི་གསེར་གྱི་བགྲོད་ལམ་དང་ཀན་ལྷོར་ཡུལ་སྐོར་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཡིན། ལ་ཁ་སྡེ་བས་དམིགས་བསལ་གྱི་ས་དབྱིབས་དང་ས་བབ། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས། མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས། སྤྱི་ཚོགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ཆ་རྐྱེན་བཟང་བོར་བརྟེན་ནས། ས་ཁོངས་ཡོངས་ཇུས་འགོད་དང་གཞི་གཅིག་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་བསྐྲུན་དགོས་པ་དང་། འབྲུག་དཀར་གཙང་བོའི་འགྲམ་རྒྱུད་ཀྱི་སྡེ་བ་ཁྱད་ཆོས་ལྡན་པའི་སྒོ་ནས་བསྒྱུར་བཀོད་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། སྡེ་བའི་སྣང་བརྙན་གསར་བཞེངས་བཅས་བྱས་ཏེ“གང་ས་གར་མཛེས་དང་མཛེས་ཐོག་རྒྱན་བརྩེགས”ཀྱི་ཡིད་འོང་གི་ཞིང་སྡེའི་མཛེས་རིས་ཆེན་པོ་ཞིག་འབྲི་གང་ཐུབ་བྱ་དགོས་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་འབྲུག་ཆུ་རྫོང་དུ་ད་དུང“8+”གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་རྐྱེན་སྲོལ་འཁོར་སྐྱོད་གནས་ཚུལ་དང་། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་བྱ་བར་ཞིབ་བཤེར་ཞིབ་མོ་བྱས། ཁོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིགཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆརལག་བསྟར་གཏིང་ཟབ་བྱེད་པ་དང་། འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་དཔྱད་ཞིབ་དང་དཔྱད་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བ། རྐྱེན་སྲོལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱེད་པ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་དང་སྐྱེ་ཁམས་གནས་སྤོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་དང་འཕེལ་རྒྱས་གཉིས་ཀར་ཕན་པ་འཐོབ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།
    ཁུལ་གྱི་འགོ་ཁྲིད་པ་དབྱང་ཅུན་དང་ལིའང་ཝེ་ཅི། ཅའོ་ཝེ་ཀྲུང་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།