ཞིང་ཆེན་ཏང་གི་འཐུས་མི་
ཚོགས་ཆེན་ཐེངས་བཅུ་
བཞི་བའི་དགོངས་དོན་
སློབ་སྦྱོང་དང་ལག་བསྟར་
བྱེད་པའི་ཞིང་ཆེན་ཏང་ཨུའི་
སྒྲོག་འགྲེལ་ཚོགས་པའི་ཀན་
ལྷོ་ཁུལ་གྱི་སྒྲོག་འགྲེལ་སྙན་
ཞུའི་གྲོས་ཚོགས་ཚོགས་པ།
藏文报
作者:
新闻 时间:2022年06月25日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 17ཉིན་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཀན་ལྷོ་ཁུལ་གྱི་སྒྲོག་འགྲེལ་སྙན་ཞུའི་གྲོས་ཚོགས་གཙོས་སུ་ཚོགས།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཐིང་ཀྲང་དབྱང་ཅན་ཝུའུ་ཡིས་ཁ་བྱང་ལརླབས་ཆེན་གྱི་དུས་རབས་གསར་བར་མུ་མཐུད་དུ་འབད་པ་བྱས་ནས། མི་དམངས་ཕྱུག་པོ་དང་ཀན་སུའུ་དར་རྒྱས་ཀྱི་ལེའུ་གསར་བ་འབྲིཞེས་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཞི་བཅུ་བའི་དགོངས་དོན་ཆེད་དོན་འཆད་ཁྲིད་བྱས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དབྱང་ཝུའུ་ཡིས་སྙན་ཞུའི་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་གྲོས་ཚོགས་སུ་ཞུགས་ནས་སློབ་སྦྱོང་བྱས།
སྙན་ཞུའི་གྲོས་ཚོགས་སུ་དབྱང་ཅན་ཝུའུ་ཡིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོ། སྙན་ཞུ་འབྲི་བའི་བརྒྱུད་རིམ། འདས་པའི་ལོ་ལྔའི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་དང་གྲུབ་འབྲས། མ་འོངས་པའི་ལོ་ལྔའི་ཞིང་ཆེན་ཡོངས་ཀྱི་བྱ་བ་སྤྱིའི་བླང་བྱ་དང་འབད་བརྩོན་དམིགས་འབེན། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེའི་ལས་གྲྭ་གསར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བཟང་བོ་བྱེད་པ་བཅས་ཕྱོགས་དྲུག་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་འགྲེལ་བཤད་ཞིབ་མོ་བྱས་ཤིང་། ཀན་ལྷོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་གཏིང་ཟབ་ཅིང་ཆ་ཚང་བ། (པར་ངོས 4བར་གཟིགས།)