ཡུས་ཁྲིན་ཧུའེ་ཡིས་འབྲུག་ཆུ་དང་ཐེ་བོ་རྫོང་དུ་བྱ་བར་རྟོག་ཞིབ་བྱས་པ། ཞིང་ཆེན་ཏང་གི་འཐུས་མི་ ཚོགས་ཆེན་ཐེངས་བཅུ་ བཞི་བའི་དགོངས་དོན་ སློབ་སྦྱོང་དང་ལག་བསྟར་ བྱེད་པའི་ཞིང་ཆེན་ཏང་ཨུའི་ སྒྲོག་འགྲེལ་ཚོགས་པའི་ཀན་ ལྷོ་ཁུལ་གྱི་སྒྲོག་འགྲེལ་སྙན་ ཞུའི་གྲོས་ཚོགས་ཚོགས་པ། ཁུལ་སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཚོགས་པ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་ གསོ་ལག་ལེན་ཡུལ་དངོས་ལྟ་སྦྱོང་ཚོགས་པ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་སོང་ནས་ལྟ་སྦྱོང་བྱས་པ། གསར་འགྱུར་མདོར་བསྡུས།
本版导航 各版导航 视觉导航 标题导航 以往报纸

ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་ གསོ་ལག་ལེན་ཡུལ་དངོས་ལྟ་སྦྱོང་ཚོགས་པ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་སོང་ནས་ལྟ་སྦྱོང་བྱས་པ།

藏文报 新闻    时间:2022年06月25日    来源:藏文报


    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 6པའི་ཚེས 22ཉིན་ལ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་གསོ་ལག་ལེན་ཡུལ་དངོས་ལྟ་སྦྱོང་ཚོགས་པ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་སོང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ “གནོད་མེད་ལྔའི་ཀན་ལྷོ”གཏོད་པ་དང“བཅུ་ཡོད་གཞིས་ཁྱིམ”བསྐྲུན་པ “8+”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་ཁྲིམས་ལྟར་དགོན་སྡེ་དོ་དམ་བྱེད་པ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་བྱེད་པ། ཆོས་ལུགས་སྡེ་ཁག་གི་གྲོན་ཆུང་ལ་བརྩི་མཐོང་དང་རྒྱས་སྤྲོས་སྤང་བའི་སློབ་གསོའི་བྱ་འགུལ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས། 
    ཉིན་དེར་ལྟ་སྦྱོང་ཚོགས་པ་སྔ་གཞུག་ཏུ་བསང་ཆུ་རྫོང་བླ་བྲང་དགོན་པ་དང་། ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བ་དང་ཤུག་ལུང་ཉིན་པ་སྡེ་བ། ཀླུ་ཆུ་རྫོང་ཤིས་ཚང་དགོན་པ་དང་ཀ་ཤུལ་སྡེ་བ། རྨ་ཆུ་རྫོང་དབལ་བན་ཚང་བརླན་སའི་གླིང་ག་སོགས་སུ་སོང་ནས། དགོན་པའི་དོ་དམ་དང“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་གསོ་ལག་ལེན་གྱི་བྱ་འགུལ་སྤེལ་བ། ཞིང་སྡེའི་ཡུལ་སྐོར་དར་རྒྱས། རྨ་ཆུའི་ཆུ་ཁུངས་གསོ་འཁྱོངས་ཁུལ་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས།
    ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོས་མཐུན་སྒྲིལ་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་བྱས་ཏེ། སྔར་ལས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་ཡོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་བྱ་བའི་སྐོར་གྱི་སྤྱིའི་བཀོད་སྒྲིག་དེ་སྡེ་ཁག་སོ་སོ་དང་ལས་རིགསས་སོ་སོ། ཁྱབ་ཁོངས་སོ་སོའི་བྱ་བའི་ཁྲོད་དུ་ལག་ལེན་དོན་འཁྱོལ་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་མགྱོགས་པོར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་ངེས་རེད།།