གཙོས་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་
མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
藏文报
作者:
新闻 时间:2022年06月25日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་འགའི་རིང་དུ། གཙོས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་དགོས་མཁོར་དམ་པོར་དམིགས་ཏེ། ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་དམངས་འཚོ་ལེགས་བཅོས་བྱས་པས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་པ་རེད།
གསར་གཏོད་ཀྱི་ནུས་པ་རིམ་བཞིན་མཐོ་རུ་ཕྱིན་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཚན་རྩལ་རྣམ་པའི་ཁེ་ལས་སྐྱེད་སྲིང་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁེ་ལས་ཀྱི་ལོ་འཁོར་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་གདེང་འཇོག་བྱེད་པ་དང་ལག་རྩལ་གསར་བའི་ཁེ་ལས་ཡིག་ཐོག་སྙན་སེང་ཞུ་བའི་བྱ་བར་རྩ་འཛུགས་དང་ཁྲིད་སྟོན་བྱས་པས། དེང་རབས་ཀྱི་ཕྱུགས་ལས་དང་ཀྲུང་བོད་སྨན་རྩྭ། ལྗང་མདོག་གཏེར་རྫས། སྐྱེ་དངོས་གསོ་རིག་སོགས་ཁྱད་ལྡན་ཐོན་ལས་དང་གསར་གཏོད་རྣམ་པའི་ལག་རྩལ་གསར་བའི་ཁེ་ལས་གང་མང་ཞིག་གསར་དུ་བྱུང་ཡོད་ལ། ལག་རྩལ་གསར་བའི་ཐོན་ལས་དང་ཁེ་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ནོར་སྲིད་ཀྱི་མ་དངུལ་གཏོང་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ། ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་བཏང་ནས་ཁྲིད་སྟོན་དང་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་ལ་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་མང་དུ་གཏོང་བར་སྐུལ་ཁྲིད་བྱས། གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་རེར་ཚན་རྩལ་གྱི་ཆེད་དོན་གྲོན་དངུལ་སྒོར་ཁྲི 905ལས་མི་ཉུང་བ་ཞིག་བཀོད་སྒྲིག་བྱས་ཤིང་། སྒོར་ཁྲི 140བཏང་ནས་ནོར་གནག་གི་འོ་མའི་སྤྲི་དཀར་ཟས་རིགས་ཀྱི་འཚོ་བཅུད་ཐེ་ཇུས་ཞིབ་འཇུག་དང་གྲུབ་འབྲས་གཞན་བསྒྱུར་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འདེབས་འཛུགས་དང་གསར་སྤེལ་བེད་སྤྱོད། ནོར་གནག་གི་བྱིས་པའི་འོ་ཕྱེ་སྡེབ་སྦྱོར་གྱི་ལག་རྩལ་ཞིབ་འཇུག གཙོས་གྲོང་ཁྱེར་གྱི་མཐོ་སྒང་གི་རྩ་ཆེ་བའི་ཤ་མོ་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་གསར་སྤེལ་དང་བེད་སྤྱོད་སོགས་ཤར་ནུབ་རྒྱུད་མཉམ་འབྲེལ་གྱི་ཚན་རྩལ་འཆར་འགོད་ལས་གཞི 4ལག་བསྟར་བྱས་ཤིང་། མིག་སྔར་ལས་གཞི་ཚང་མ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད།
ཚན་རྩལ་གྱི་དཔུང་ཁག་རྒྱ་ཆེ་རུ་དང་སྟོབས་ཆེ་རུ་ཕྱིན་པ། “ནོར་གནག་དང་ལུག གཟན་རྩྭ། འབྲུ་རིགས། སྨན་རྩྭ། ཤ་མོ”སོགས་ཁྱད་ལྡན་ཐོན་ལས་ཆེན་མོ་དྲུག་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་དགོས་མཁོར་དམིགས་ནས་སྔ་རྗེས་སུ་ཞིང་ཆེན་དང་ཁུལ། “ཁུལ་གསུམ”སོགས་ནས་ཤེས་ལྡན་མི་སྣ 16དང་། ཁུལ་རིམ་པའི་ཚན་རྩལ་ཆེད་མངགས་པ 10 གྲོང་ཁྱེར་རིམ་པའི་ཚན་རྩལ་ཆེད་མངགས་པ 39བཅས་གདན་འདྲེན་ཞུས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་སྡེ་བ 39དང་ཞིང་བའི་ཆེད་ལས་མཉམ་ལས་ཁང་། ཞིང་འབྲེལ་ཁེ་ལས་སོགས་སུ་སོང་ནས་ནོར་ལུག་གསོ་སྤེལ་གྱི་ལག་རྩལ་དང་མཐོ་སྒང་གི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྩྭའི་འདེབས་འཛུགས་ལག་རྩལ། ཞིང་ལས་ལོ་ཏོག་རིགས་གསར་བ་ནང་འདྲེན་བྱས་ཏེ་དཔེ་སྟོན་ཁྱབ་གདལ་གཏོང་བའི་ལག་རྩལ་སོགས་ཁྲིད་སྟོན་བྱེད་པའི་བྱ་བ་སྤེལ།
གསར་གཏོད་སྟེགས་བུའི་ཁྱབ་རྒྱ་ཆེ་རུ་ཕྱིན་པ། གཙོས་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་གཞི་རྟེན་དུ་བྱས་ནས་ཚན་རྩལ་གསར་གཏོད་ཞབས་ཞུའི་སྟེགས་བུ་ཇེ་ལེགས་དང་འཐུས་ཚང་དུ་བཏང་སྟེ། གླིང་ཁུལ་ཁེ་ལས་ལ་ཚན་རྩལ་གྱི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། གླིང་ཁུལ་གྱི་སྣེ་འདྲེན་ཁེ་ལས་དེ་ཧྭ་ལིན་དང་ལུའོ་ཡོན་ཀུང་སི་ཡིས་ཧུར་ཐག་སྒོས་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ཏེ། ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་ཡོན་ཧྲིའི་ཆེད་ལས་མཁས་པའི་ལས་སྒྲུབ་ས་ཚིགས་དང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་ལས་སྒྲུབ་ས་ཚིགས་སོགས་ཚན་རིག་ཞིབ་འཇུག་གི་སྟེགས་བུ་དང་གཞི་ས་བསྐྲུན་པ་མ་ཟད། ནོར་གནག་གི་འོ་མའི་ཐོན་རྫས་རྒྱལ་ཁབ་ཚོད་ལྟ་ཁང་དང་ཀན་སུའུ་ལུའོ་ཡོན་དཀར་ཆུའི་ལས་རིགས་ལག་རྩལ་ལྟེ་གནས། ཀྲུང་གོའི་ནོར་གནག་གི་འོ་མ་ཞིབ་འཇུག་ཁང་། ཧྭ་ལིན་ཀུང་སིའི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་ལས་སྒྲུབ་ས་ཚིགས་སོགས་ནོར་གནག་གི་འོ་མའི་ཐོན་ལས་ཀྱི་འབྲེལ་ཡོད་ལག་རྩལ་གསར་གཏོད་སྟེགས་བུ 15བསྐྲུན་ཡོད། མིག་སྔའི་བར་དུ། རིམ་བསགས་ཀྱིས་བརྩིས་ན་རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས 3དང་། ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས 4 ཁེ་ལས་ནང་ཁུལ་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས 2བཅས་བསྐྲུན་པས་ཁེ་ལས་ཁག་ལ་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པར་བྱས།།