(པར་ངོས 1པར་མཐུད་རྒྱུ)
藏文报
作者:
新闻 时间:2022年06月25日 来源:藏文报
(པར་ངོས 1པར་མཐུད་རྒྱུ)གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་འགན་འཁྲི་ཏན་ཏིག་ལ་བརྟེན་ནས། བྱ་བའི་དམིགས་ཚད་སོ་སོ་དུས་བཅད་ལྟར་དོན་འཁྱོལ་ཐུབ་པ་འགན་ལེན་བྱ་དགོས། གཉིས་ནས་འགན་འཁྲི་དང་འགན་ནུས་ཁ་གསལ་བོ་བཟོ་དགོས། སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར“1+3”གྱི་འགོ་ཁྲིད་སྒྲིག་སྲོལ་དང་འཁོར་སྐྱོད་རྐྱེན་སྲོལ་གང་མགྱོགས་ཀྱིས་འཛུགས་པ་དང་། རྫོང་དང་གྲོང་ཁྱེར་གྱི་སྲིད་འཛིན་བསྐྱར་གྲོས་ཨུ་ཡོན་ལྷན་ཁང་དང་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་། འདུམ་འགྲིག་ཨུ་ཡོན་ལྟན་ཁང་བཅས་བཙུགས་ཏེ། འགན་འཁྲིའི་ངེས་གནས་གཞིར་བཟུང་ནས་འགན་ནུས་འདོན་སྤེལ་ཏན་ཏིག་བྱེད་པ་དང་། སྲིད་འཛིན་བསྐྱར་གྲོས་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནས་འཁོར་སྐྱོད་རྐྱེན་སྲོལ་ཚད་ལྡན་དུ་གཏོང་དགོས། བྱ་བའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་བྱ་བའི་གོ་རིམ་དང་འཁོར་སྐྱོད་སྒྲིག་སྲོལ་ཚད་ལྡན་དུ་བཏང་ནས། སྲིད་འཛིན་བསྐྱར་གྲོས་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བཞི་ནས་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས། སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་རྩོད་གཞི་སེལ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་སྲིད་འཛིན་འདུམ་འགྲིག་དང་སྲིད་འཛིན་ཁྲུན་གཅོད། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་གཏུག་བཤེར་བཅས་འབྲེལ་མཐུད་དམ་ཟབ་བྱས་ནས་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་ཧུར་ཐག་སྒོས་བཙུགས་ཏེ། སྲིད་འཛིན་བསྐྱར་གྲོས་ཀྱི་འདུམ་འགྲིག་ནུས་པ་དང་དེ་མིན་སྲིད་འཛིན་བསྐྱར་གྲོས་ཀྱི་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྔ་ནས་བྱ་བ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དམིགས་འབེན་ལས་འགན་ལ་དམིགས་ནས་བྱ་བའི་ཐབས་ལམ་ལ་ཤུགས་སྣོན་པ་དང་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། སྲིད་འཛིན་བསྐྱར་གྲོས་སྒྲིག་སྲོལ་བཅོས་སྒྱུར་གྱི་ལས་འགན་དེ་ཞིང་ཆེན་དང་དུས་མཉམ་དུ་སྤེལ་བ་དང་ལེགས་གྲུབ་ཐུབ་པ་འགན་ལེན་བྱ་དགོས་ཞེས་བསྟན།།