|
|
图片10
藏文报
作者:
新闻 时间:2022年06月25日 来源:藏文报
 ཟླ 6པའི་ཚེས 20ཉིན་ལ། “ཚན་རིག་ཉམས་ལེན་བྱས་ནས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི 2022ལོའི“ཀྲུང་གོ་སྐོར་སྐྱོད་ཚན་རྩལ་ཁང”གི་ཀན་ལྷོ་ཁུལ་གྱི་སྐོར་སྐྱོད་འགྲེམ་སྟོན་བྱ་འགུལ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཀན་ལྷོ་ཁུལ་དམིགས་བསལ་སློབ་གྲྭ་རུ་སྤེལ།
བྱ་འགུལ་གྱི་ཡུལ་དངོས་སུ་ལས་སྒྲུབ་མི་སྣས་སློབ་གྲྭའི་དགེ་སློབ་ཡོངས་ལ་བདེ་འཇགས་ཐོན་སྐྱེད་དང་ཚན་རིག་དང་མཐུན་པའི་རིམས་ནད་སྔོན་འགོག ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཡོམ་འགོག་གེགས་སེལ། མེ་སྐྱོན་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེམ་སྟོན་དང་འགྲེལ་བཤད་བྱས་ཤིང་། ལྟ་འདོད་རང་བཞིན་དང་འགྲན་སློང་རང་བཞིན་ལྡན་པའི་ཚན་རིག་འཁྲབ་སྟོན་སྣ་ཚོགས་ཀྱིས་སློབ་མ་ཚོའི་ཡིད་དབང་བཀུག་པ་རེད།།
|
|
|