གཞན་ཕན་དང་དྲང་བདེན་གྱིས་ཕྱུག་པའི་གུང་ཁྲན་ཏང་མི་པའེ་ཆིའུ་ཨེན།
藏文报
作者:
新闻 时间:2022年06月25日 来源:藏文报
པའེ་ཆིའུ་ཨེན་ནི་(Henry Normanne 1890ལོའི་ཟླ 3ཚེས 4ཉིན་ནས་1939ལོའི་ཟླ 11ཚེས 12ཉིན་བར།) ཁ་ན་ཏའི་གུང་ཁྲན་ཏང་ཡོན་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་འཛིང་པ། ཕྱི་བཅོས་ཚན་ཁག་གི་སྨན་པ་གྲགས་ཅན་བཅས་ཡིན། 1890ལོར་ཁ་ན་ཏའི་ཨན་ཏ་ལུའེ་ཞིང་ཆེན་ཀེ་ལེ་ཝུན་ཧོ་སི་ཐེ་གྲོང་རྡལ་དུ་སྐྱེས། 1935ལོར་ཁ་ན་ཏའི་གུང་ཁྲན་ཏང་ནང་ཞུགས། 1938ལོར་ཀྲུང་གོར་ཡོང་ནས་རི་འགོག་གསར་བརྗེར་ཞུགས། གཤག་བཅོས་བྱེད་སྐབས་འབུ་ཕྲ་འགོས་ནས་ཁྲག་རྒུད་ནད་དུ་གྱུར་པ་དང་།1939ལོའི་ཟླ 11པའི་ཚེས 12ཉིན་གྱི་ཐོ་རེངས་སུ་ཚེ་ལས་འདས། ཁོང་གིས་ཀྲུང་གོར་བྱ་བ་བསྒྲུབས་ནས་ཀྲུང་གོའི་རི་འགོག་གསར་བརྗེར་སེམས་ནུས་ཡོད་རྒུ་བཏོན་ཞིང་། མའོ་ཙེ་ཏུང་གིས་ཁོང་ནི་བླ་ན་མེད་པའི་མི་ཞིག་དང་ལྷད་མེད་ཀྱི་མི་ཞིག ཀུན་སྤྱོད་བཟང་བའི་མི་ཞིག མ་རབས་ཞེན་ཆགས་ལ་མི་དགའ་བའི་མི་ཞིག མི་དམངས་ལ་ཕན་པའི་མི་ཞིག་བཅས་ཡིན་ཞེས་གསུངས།
པའེ་ཆིའུ་ཨེན་ཀྲུང་གོར་སླེབས་རྗེས། ཐེངས་ཤིག་ཁོང་གིས་ནད་ཁང་ནང་གི་ནད་གཡོག་ཆུང་ཆུང་ཞིག་གིས་རྨས་མར་སྨན་བརྗེས་པ་མཐོང་སྟེ། སྨན་སྣོད་ནང་བླུགས་པའི་སྨན་དང་སྨན་སྣོད་སྟེང་གི་ཤོག་བྱང་ཐོག་གི་མིང་གཅིག་པ་མིན་པ་ཤེས། དེ་ཡང་སྨན་སྣོད་ནང་གི་སྨན་ནི་སྤྱོད་དགོས་ངེས་ཀྱི་སྨན་ཞིག་མིན་ལ། གལ་ཏེ་སྨན་ནོར་ན་སྐྱོན་ཡོང་གི་རེད། པའེ་ཆིའུ་ཨེན་གྱིས་གཟབ་ནན་གྱི་སྒོ་ནས་ནད་གཡོག་ཆུང་ཆུང་དེར་སྐྱོན་བརྗོད་བྱས་པ་དང་། ཁོ་མོར་བཤད་རྒྱུར། བྱ་བ་དེ་འདྲ་བྱས་ན་མི་ཤི་བའི་ཉེན་ཁ་ཡོད་པ་རེད། པའེ་ཆིའུ་ཨེན་གྱིས་གྲི་ཆུང་སྤྱད་དེ་ཤེལ་དམ་ཐོག་གི་ཤོག་བྱང་བཀོག་པ་མ་ཟད། “ང་ཚོས་བློ་མཐུན་ལ་འགན་འཁུར་དགོས། སླད་ཕྱིན་གནས་ཚུལ་དེ་རིགས་སླར་ཡང་ཐོན་མི་ཆོག”ཅེས་གསུངས་པ་རེད། ནད་གཡོག་མར་སྐྱོན་བརྗོད་ཐེབས་པས། ངོ་གདོང་དམར་པོར་གྱུར་ནས་མིག་ཆུ་བཞུར་ལ་ཉེ། པའེ་ཆིའུ་ཨེན་ཁོང་ཁྲོ་ལངས་ཡོད་མོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་བསམ་ཚུལ་ལ་ཚོད་འཛིན་བྱས་ཏེ། “ཁྱོད་ཀྱིས་ང་ལ་བཟོད་སྒོམ་གནང་རོགས། འོན་ཀྱང་འཕྲོད་བསྟེན་གྱི་བྱ་བ་ནན་ཏན་མ་བྱས་ན། རེ་བ་ནན་མོ་མ་བྱས་ན་མི་ཆོག”ཅེས་བཤད། དོན་དག་དེ་བྱུང་རྗེས་པའེ་ཆིའུ་ཨེན་གྱིས་ཆབ་སྲིད་ཨུ་ཡོན་ལ་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་སྒྲུབ་མི་སྣའི་འགན་ཁུར་གྱི་འདུ་ཤེས་ཆེ་རུ་བཏང་ན་མ་གཏོགས་བྱ་བ་ཡག་པོ་བྱེད་མི་ཐུབ་ཅེས་གསུངས །།