本版导航 各版导航 视觉导航 标题导航 以往报纸

ཀླུ་ཆུའི་འགྲམ་རྒྱུད་དུ་ཀྲུང་གོ་གསར་བའི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་བོ་ཉན་བསྟན་འཛིན།

藏文报 新闻    时间:2022年06月25日    来源:藏文报

    ཉན་བསྟན་འཛིན། བོད་རིགས། 1884ལོར་ཅོ་ནེ་རྫོང་ཁང་ཐོག་ཤང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལོ་ན་ཕྲ་བའི་དུས་སུ་གྲྭ་བ་བྱས་པ་དང་། 1915ལོའི་དཔྱིད་ཀར། ལོ 27ལ་སོན་པའི་ཉན་བསྟན་འཛིན་ནི་བརྗིད་ཉམས་ཆེ་ཞིང་དཔའ་ངར་ལྡན་པའི་ཕོ་རྒོད་ཅིག་ཏུ་གྱུར། ཅོ་ནེ་དཔོན་པོ་དབྱང་ཅི་ཆུན་གྱི་བློར་བབས་ནས་སྐུ་སྲུང་དམག་ཏུ་བདམས།
    1943ལོའི་ཟླ་8པར། གོ་མིན་ཏང་གི་དམག་ཤུགས་ཆེན་པོ་ཡིས་དྲག་གནོན་བྱས་པས། འོས་ལངས་དམག་འུ་ཐུག་ནས་ཝུའུ་ཏུའུ་ནས་ཕྱིར་འཐེན་བྱས་ཏེ། ཁ་བཀྲམ་ནས་གསང་བའི་ངེས་མེད་རྒོལ་རྡུང་གི་འཐབ་རྩོད་བྱེད་འགོ་བརྩམས། ཉན་བསྟན་འཛིན་བཀའ་ལྟར་ཅོ་ནེ་དཔོན་པོའི་ཡ་མོན་དུ་སོང་ནས་ཨ་ལགས་སྤེན་ལེ་ཚང་ཅོ་ནེ་ལ་བཞུགས་པའི་དོན་དག་གྲོས་མོལ་བྱས། ཁོ་ཁང་ཐོག་ཏུ་ཕེབས་སྐབས་དགྲ་ལག་ཏུ་ལྷུང་ནས་གོ་མིན་ཏང་ཀྲུང་དབྱང་དམག་གི་ཅུན་ཤོག་གསུམ་པའི་ཧྲི 12པར་སྤྲད། ཅང་མ་འགོར་བར། དགྲ་དམག་གིས་ལིན་ཐའོ་ལ་བསྐྱལ། ཁོ་ནི་ལིན་ཐའོ་དང་ཁང་ལེ་ས་ཁུལ་གྱི་མང་ཚོགས་ཁྲོད་སྙན་གྲགས་ཤིན་ཏུ་མཐོ་བས། མང་ཚོགས་ཀྱིས་ངོ་རྒོལ་བྱེད་པར་སྐྲག་ནས་དགྲ་བོས་ལམ་བར་ནས་ཁོ་བསད་དེ་ལིན་ཐའོ་མཁར་གྱི་ཉེ་འགྲམ་གྱི་བྲག་འོག་ཏུ་བསྡུས། བོད་རིགས་མི་དམངས་ཀྱི་ཕུལ་དུ་བྱུང་བའི་དཔའ་རྒོད་དེ་འཚོ་གནས་བྱེད་སྐབས་ལོ 59ལོན་ཡོད།།