དུས་རབས་གསར་བའི་ཕུགས་འདུན་བསྐྲུན་ནས་ནི།། བགྲོད་ལམ་གསར་བར་ཡང་བསྐྱར་བསྐྱོད་འགོ་རྩོམ།།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་
ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ།
藏文报
作者:
新闻 时间:2022年12月17日 来源:藏文报

ཟླ 12པའི་ཚེས 14ཉིན་གྱི་ཕྱི་དྲོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་སྟེ་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ།
ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི 257ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི 189ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བཀྲ་ཤིས་འཚོ་ཡིས་ཚོགས་ཆེན་གྱི་གཙོ་འགན་ཁུར།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་དབྱང་ཝུའུ། བཀྲ་ཤིས་འཚོ། རིན་ཆེན་དོན་གྲུབ། དབྱང་ཅུན། ཧུའུ་ཞའོ་ཧྭ། ལུའེ་ཀྲེ་ཅུན། ཞུང་ཅི་པུན། སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། ཏུང་ཡན་ཆིན། དབྱང་ཞུའེ་ཧྥུན། ཀྲང་ཀྲི་ཧུང་། ཅའོ་ཝེ་ཀྲུང་། ཀའོ་ཞའོ་ཏུང་། དབྱང་ཞའོ་ཆིན་བཅས་ཡིན།
ཀྲུའུ་ཞི་སྟེགས་བུར་ཡུས་ཁྲིན་ཧུའེ་དང་དབྱང་ཝུའུ། བཀྲ་ཤིས་འཚོ། རིན་ཆེན་དོན་གྲུབ་སོགས་ཀྲུའུ་ཞི་ཚོགས་པའི་ཁོངས་མི 33ཡོད་པ་མ་ཟད། ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་བསྡད་ཡོད།
ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ཁུལ་མི་དམངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
གྲོས་ཚོགས་ཀྱིས་ལག་པ་ཡར་བཀྱགས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་སྤྱད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2022ལོའི་ནོར་སྲིད་སྔོན་རྩིས་ལག་ (པར་ངོས 2པར་གཟིགས།)