སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་
གི་གྲོས་ཚོགས་ཐེངས་གཉིས་པ་གཙོས་སུ་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ།
藏文报
作者:
新闻 时间:2022年12月17日 来源:藏文报

ཟླ 12པའི་ཚེས 13ཉིན་གྱི་ཕྱི་དྲོ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སོ་སོ་ལེགས་པར་གྲུབ་ནས་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ།
ཐེངས་འདིའི་གྲོས་ཚོགས་སུ་ཞུགས་འོས་པའི་ཨུ་ཡོན 255ཡོད་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན 188ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་རིན་ཆེན་དོན་གྲུབ་དང་ཀྲོའུ་མའེ། མེང་ཡན་ལིན། ཧན་རྨིན་ཧྲིན། པའེ་ལིའུ་དབྱི། ཝང་ཅུན། ལུའུ་དབྱི། ལི་ཧྲི་ཀྲུང་། ཝང་གོ་ཆིན། ལྕགས་བྱམས་རྡོ་རྗེ། ཝང་ཕའེ་ལིན། ཚེ་རིང་སྐྱིད། ཧྥང་ཞའོ་ཏུང་། དབྱང་ཧྲི་ཏོན། ཧོང་ཝན་རྨིན། ཏང་ཞའོ་རྨིན། དཔལ་ཤེས་པ་བློ་བཟང་ལུང་རིགས་རྒྱ་མཚོ། སྤེལ་དགེ་ཚང་བློ་བཟང་བློ་གསལ་རྒྱ་མཚོ། གུར་ཡག་ཚང་། རབ་རྒྱས་པ་སངས། ལིའུ་ཡན། ལའེ་ཡན་ཧྭ་བཅས་ཡིན།
ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་སྟེགས་བུར་བཞུགས་པར་ཡུས་ཁྲིན་ཧུའེ་དང་། དབྱང་ཝུའུ། བཀྲ་ཤིས་འཚོ་སོགས་འགོ་ཁྲིད་བློ་མཐུན་དང་། ཀན་ལྷོ་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་སོགས་ཡོད།
ཐེངས་འདིའི་གྲོས་ཚོགས་སུ་ཟུར་ཞུགས་བྱེད་མཁན་ལ་ད་དུང་ཞིང་ཆེན་སྲིད་གྲོས་ཀྱི་ཀན་ལྷོ་ན་ཡོད་པའི་ཨུ་ཡོན་དང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། ཁུལ་སྲིད་གྲོས་སྐབས་བཅོ་ལྔ་བའི་ཨུ་ཡོན་མིན་པའི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་བཅས་ཡོད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་རྨིན་ཧྲིན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
ཚོགས་ཆེན་སྟེངསྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོདདང་། (པར་ངོས 3པར་གཟིགས།)