ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་
གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།
藏文报
作者:
新闻 时间:2022年12月17日 来源:藏文报
ཟླ 12པའི་ཚེས 13ཉིན་གྱི་སྔ་དྲོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་འདུར་ཞུགས་འོས་པའི་འཐུས་མི 257ཡོད་ཅིང་། དངོས་སུ་ཞུགས་པའི་འཐུས་མི 188ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།
གྲོས་ཚོགས་ཀྱིས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ་ཡིས་ཕུལ་བའི《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུ》ལ་ཉན་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིན་གྱིས《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(དག་བཅོས་འཆར་ཟིན)》དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག(དག་བཅོས་འཆར་ཟིན)》དང《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)》བཅས་སྐོར་གྱི་གསལ་བཤད་དང《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱེད་ཐབས》མེད་པར་བཟོ་བའི་སྐོར་གྱི་གསལ་བཤད་ལ་ཉན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་མའོ་ཧྲིན་ལི་ཡིས་ཕུལ་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཝང་ལུང་གིས་ཕུལ་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབྱང་ཞུའེ་ཧྥུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་དབྱང་ཝུའུ། ཙུའོ་ལུང་། ཝང་ཅན་ཅུན། ཀྲང་ཀྲེང་ནེང་། དབྱང་ཞུའེ་ཧྥུན། ལི་ཞིན་ཕིང་། ལི་ཀྲི་ཡུན། ཝང་ཞུའོ། ཚེ་རིང་བཀྲ་ཤིས། ཚེ་དབང་དོན་གྲུབ། དབྱང་ཞའོ་མེ། དབྱང་ཡུང་ལིན། ཧྲི་ལའེ་བཅས་ཡིན།
ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་སྟེགས་བུར་ཡུས་ཁྲིན་ཧུའེ་དང་དབྱང་ཝུའུ། བཀྲ་ཤིས་འཚོ། རིན་ཆེན་དོན་གྲུབ་སོགས་ཀྲུའུ་ཞི་ཚོགས་པའི་ཁོངས་མི 33བསྡད་ཡོད།
ཀྲུའུ་ཞི་སྟེགས་བུར་ད་དུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། (པར་ངོས 3པར་གཟིགས།)