ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ། ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ། རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་ གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》ལ་གྲོས་འཆམ་བྱུང་རྒྱུའི་སྐོར་གྱི་ཆོད་དོན། (པར་ངོས 1པར་མཐུད་རྒྱུ།)
本版导航 各版导航 视觉导航 标题导航 以往报纸

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།

藏文报 新闻    时间:2022年12月17日    来源:藏文报

    ཟླ 12པའི་ཚེས 13ཉིན་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་སོ་སོ་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་སུ་འཐུས་མི་ཚོགས་པ་སོ་སོས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབསསོགས་ཁེར་སྤྱོད་སྲོལ་ཡིག་ཁག་བཞིའི་གྲོས་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། ཁུལ་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིརང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབསདངརང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིགདངརང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱ་ཐབསམེད་པར་བཟོ་བའི་སྐོར་གྱི་གྲོས་གཞིར་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་ཉན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབསདངརང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིགདངརང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱ་ཐབསམེད་པར་བཟོ་བའི་སྐོར་གྱི་གཏན་འབེབས(འཆར་ཟིན)བཅས་ལ་གྲོས་འཆམ་བྱུང་། གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་འབྱོར་བའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུར་ཉན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པས་འཐུས་མི་ཚོགས་པ་སོ་སོས་ཀྲུའུ་ཞི་ཚོགས་པས་མིང་འདོན་བྱས་པའི་འོས་མི་སོ་སོའི་མིང་ཐོ (འཆར་ཟིན)དང་འབྲེལ་ཡོད་ཆེན་དོན་ཨུ་ཡོན་ལྷན་ཁང་གི་བདམ་ཐོན་ཀྲུའུ་རེན་ཨུ་ཡོན་གྱི་མིང་ཐོ(འཆར་ཟིན)ལ་གྲོས་བསྡུར་བྱས་པའི་སྐོར་གྱི་གནས་ཚུལ་ལ་ཉན་པ་དང་། དེ་མིན་འཐུས་མི་ཉི་ཤུ་ཡན་གྱིས་མཉམ་འབྲེལ་ཐོག་འདེམ་སྒུག་མི་སྣ་མིང་འདོན་བྱས་པའི་སྐོར་གྱི་གནས་ཚུལ་གྱི་སྙན་ཞུར་ཉན། ཁུལ་སྐབས་བཅུ་བདུན་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་འདེམས་སྒུག་འོས་མི་དངོས་དང་འབྲེལ་ཡོད་ཆེན་དོན་ཨུ་ཡོན་ལྷན་ཁང་གི་བདམས་ཐོན་ཀྲུའུ་རེན་ཨུ་ཡོན་དངོས་སུ་གཏན་ཁེལ་བྱས།          (གསར་འགོད་པ་སྒྲོལ་མ་འཚོས།)