ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ། ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ། རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་ གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》ལ་གྲོས་འཆམ་བྱུང་རྒྱུའི་སྐོར་གྱི་ཆོད་དོན། (པར་ངོས 1པར་མཐུད་རྒྱུ།)
本版导航 各版导航 视觉导航 标题导航 以往报纸

ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

藏文报 新闻    时间:2022年12月17日    来源:藏文报

    ཟླ 12པའི་ཚེས13ཉིན་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
    གྲོས་ཚོགས་དེ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་འཁུར་བ་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་སོ་སོ་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་ཐོག་ཚོགས་ཆེན་གྱི་དྲུང་ཆེན་མོ་གཞོན་པས་ཕུལ་བའི་འཐུས་མི་ཚོགས་པ་སོ་སོས་གྲོས་ཆོད་དང་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པས་ཕུལ་བའི་འཐུས་མི་ཚོགས་པ་སོ་སོས་འདེམ་བྱའི་འོས་མི་དངོས་དང་དེ་བཞིན་ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མིས་གྲུབ་པའི་འདེམ་བྱའི་འོས་མི་དངོས་གྲོས་བསྡུར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། འདེམ་བྱའི་འོས་མི་དངོས་ཀྱི་མིང་ཐོ(འཆར་ཟིན)དང་ཁུལ་སྐབས་བཅུ་བདུན་པའི་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འདེམ་བྱའི་འོས་མི་དངོས་ཀྱི་མིང་ཐོ(འཆར་ཟིན)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།།
                              (གསར་འགོད་པ་སྒྲོལ་མ་འཚོས།)