ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ། ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ། རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་ གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྐོར་གྱི་སྲོལ་ཡིག(བཟོ་བཅོས)》ལ་གྲོས་འཆམ་བྱུང་རྒྱུའི་སྐོར་གྱི་ཆོད་དོན། (པར་ངོས 1པར་མཐུད་རྒྱུ།)
本版导航 各版导航 视觉导航 标题导航 以往报纸

རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་ གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་པ།

藏文报 新闻    时间:2022年12月17日    来源:藏文报

    རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་པ།
    ཟླ 12པའི་ཚེས 11ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚན་ཆུང་དང་བོའི་གྲོས་བསྡུར་ལ་ཞུགས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོའི་སྟེང་གི་གཏམ་བཤད་ཀྱི་དགོངས་དོན་ལ་ཨུ་ཡོན་ཚོ་དང་མཉམ་དུ་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞིའི་བྱ་བའི་སྙན་ཞུ་ལ་བགྲོ་གླེང་བྱས་ཤིང་། ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་གཞི་ལའང་ཞིབ་མོར་ཉན།
    ཁོས་ལོ་ངོ་གཅིག་གི་རིང་ལ་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྤྱི་ཡོངས་ལ་དམིགས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལྟེ་བ་བྱས་ནས་ཏང་ཨུ་ལ་འབོད་སྐུལ་ཡོད་པ་དང་། སྲིད་གྲོས་ལ་འགུལ་སྐྱོད་ཡོད་པ། ཏང་ཨུ་ལ་བཀོད་སྒྲིག་ཡོད་པ། སྲིད་གྲོས་ཀྱི་རྗེས་ཆོད་པ་བཅས་ལ་བྱས་རྗེས་གསར་བ་མངོན་པ་དང་། གྲུབ་འབྲས་གསར་བ་ཐོབ་པ། སྣང་བརྙན་གསར་བ་གཏོད་པ་བཅས་སྐབས་བཅོ་ལྔ་བའི་ཁུལ་སྲིད་གྲོས་ཀྱི་བྱ་བའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད་ཅེས་བཤད། རིན་ཆེན་དོན་གྲུབ་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཡུས་ཁྲིན་ཧུའེ་ཡིས་སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གི་གཏམ་བཤད་ཀྱི་མཛུབ་ཁྲིད་རང་བཞིན་དང་། དམིགས་གཏད་རང་བཞིན། ལག་ལེན་རང་བཞིན་ཧ་ཅང་ཤུགས་ཆེན་རེད་ཅེས་བསྟན། རིན་ཆེན་དོན་གྲུབ་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་བའི་སེམས་འདུན་མངོན་པར་བྱ་དགོས་ལ། “གནོད་མེད་ལྔའི་ཀན་ལྷོ”གསར་འཛུགས་དང“བཅུ་ཡོད་གཞིས་ཁྱིམ”གསར་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་ཧུར་ཐག་གིས་བསྐྲུན་པའི་དམིགས་འབེན་དང་། ཁུལ་སྲིད་གཞུང་གི“ལག་བསྟར་བརྒྱད”ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་རྒྱ་ཁྱབ་ངང་སྲིད་ཞུགས་སྲིད་གླེང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པར་དཔྱད་གཞི་མཁོ་འདོན་བྱ་དགོས་པའི་བླང་བྱ་བཏོན།།