(པར་ངོས 1པར་མཐུད་རྒྱུ།)
藏文报
作者:
新闻 时间:2022年12月17日 来源:藏文报
(པར་ངོས 1པར་མཐུད་རྒྱུ།) བསྟར་བྱས་ཚུལ་དང 2023ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(དག་བཅོས་འཆར་ཟིན)གྱི་གྲོས་ཆོད་དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག(དག་བཅོས་འཆར་ཟིན)གྱི་གྲོས་ཆོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་མ་ཟད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱེད་ཐབསམེད་པར་བཟོ་བའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སུ་བཀྲ་ཤིས་འཚོ་ཡིས་བཤད་རྒྱུར། ཁུལ་དམངས་ཆེན་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་རྒྱུགས་སྤྲོད་ལམ་དུ་ལེགས་པར་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན། ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་མི་དམངས་ཀྱི་མངགས་བཅོལ་ནན་མོ་ཡིད་ལ་བརྟན་པོར་བཅངས་ནས། ཡོད་ཚད་དམངས་ཀྱི་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་བརྟན་པོ་འགྱུར་བ་མེད་པར་ལག་ལེན་བྱས་ནས། དམངས་གཙོ་དར་སྤེལ་གང་ལེགས་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་བ་ཆེན་པོ་དང་ཚད་མཐོའི་འགན་འཁུར་བའི་བདག་པོའི་བསམ་པས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཁོག་ནས་ལངས་ཏེ་དོན་ཆེན་གྲོས་བསྡུར་དང་། འཕེལ་རྒྱས་གླེང་བ། གྲོས་འགོ་འདོན་པ། འབྱུང་འགྱུར་གླེང་བ་བཅས་བྱས་ནས་མི་དམངས་ཀྱི་ཚབ་བྱས་ཏེ་ས་གནས་ཀྱི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བྱ་བར་་དོ་དམ་བྱེད་པའི་བླ་ན་མེད་པའི་དབང་ཆ་ལག་བསྟར་བྱས་ནས། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྙན་ཞུ་སོ་སོ་དང་གཏན་འབེབས་བྱས་པའི་གྲོས་ཆོད་སོ་སོ་རུ་འཐུས་མི་ཡོངས་ཀྱི་ཐུན་མོང་གི་བློ་གྲོས་གཅིག་ཏུ་བསྡུས་པ་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གཅིག་ཏུ་བསྡུས་ཡོད། ཚོགས་འདུའི་གྲུབ་འབྲས་ཀྱིས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་བྱུང་བ་གང་ལེགས་གིས་མཚོན་པ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆར་འགྲེལ་བཤད་བརྒྱབ་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཡིད་ཆེས་དང་ཆོད་སེམས་བརྟན་པོས་མདུན་དུ་བསྐྱོད་བར་སྐུལ་མ་ཆེན་པོ་ཐེབས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་འཕེལ་རྒྱས་ལ་རེ་སྙེག་བྱེད་པ། བདེན་འཚོལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་བསྟན།
བཀྲ་ཤིས་འཚོ་ཡིས་འབད་བརྩོན་ལྷོད་མེད་བྱས་ན་གཞི་ནས་དུས་རབས་ཀྱི་རེ་བཅོལ་སྟོང་ཟད་དུ་མི་འགྲོ། འཐུས་མི་ཡོངས་ཀྱིས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ལས་འགན་ལ་དམ་པོར་དམིགས་ཏེ། རྒྱུན་མཐུད་འབད་འཐབ་དང་གསར་འབྱེད་ཡར་བརྩོན་གྱི་ངར་ཤུགས་ཆེན་པོ་དང་བསམ་པའི་ཉམས་འགྱུར་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་བསྐྱོད་པ་དང་འགན་འཁྲི་གསར་བ་ཁུར་ཏེ་ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྣེ་ཁྲིད་པ”ཞིག་ཏུ་འགྱུར་རྒྱུ་བརྩོན་ལེན་བྱ་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། མི་དམངས་ཀྱི་ཡིད་ཆེས་ལ་གཅེས་སྤྲས་དང་། ཀན་ལྷོའི་བསྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་སྲུང་སྐྱོང་བྱེད་པའི་མཐོ་ས་རུ་ལངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་མོར་འཁུར་བ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བ། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་སྒོ་ནས་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། ཀུན་གྱི་སྣེ་ཁྲིད་དེ་ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལེགས་པོ་དང་དྲིལ་བསྒྲགས་ལེགས་པོ། ལག་བསྟར་ལེགས་པོ་བཅས་བྱེད་པ་དང་། ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སོ་སོ་དོན་འཁྱོལ་ལེགས་པོ་བྱས་ནས་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་ཉེ་བ་དང་། ལས་སྒྲུབ་ལས་སྐྲུན་གྱི་སྣེ་ཁྲིད་པ། ཏང་དང་མི་དམངས་ཀྱི་འབྲེལ་གཏུག་པ་བཅས་བྱ་གང་ཐུབ་བྱས་ཏེ་སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་དང་། དུས་རབས་གསར་བའི་དམངས་ཆེན་འཐུས་མིའི་ཉམས་འགྱུར་མངོན་པར་བྱ་དགོས་ཞེས་ནན་གྱིས་བསྟན།།
(གསར་འགོད་པ་སྒྲོལ་མ་འཚོས།)