ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་
འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།
藏文报
作者:
新闻 时间:2022年12月17日 来源:藏文报
ཟླ 12པའི་ཚེས 13ཉིན་གྱི་ཕྱི་དྲོ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་བཞི་བ་བསྡུས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བཀྲ་ཤིས་འཚོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་དང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་སོ་སོ་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ་འཐུས་མི་ཚོགས་པ་སོ་སོས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། 《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(དག་བཅོས་འཆར་ཟིན)དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག(དག་བཅོས་འཆར་ཟིན) ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)བཅས་ལ་གྲོས་ཞིབ་བྱས་པ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱེད་ཐབསམེད་པར་བཟོ་བའི་སྐོར་གྱི་གྲོས་གཞིའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁུལ་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིསཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(དག་བཅོས་འཆར་ཟིན)དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག(དག་བཅོས་འཆར་ཟིན)དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)བཅས་ཀྱི་གྲོས་ཆོད་སྐོར་ལ་གྲོས་འཆམ་བྱུང་བ་དང་དེ་མིནཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱེད་ཐབསམེད་པར་བཟོ་བའི་སྐོར་གྱི་གྲོས་གཞིར་ཞིབ་བཤེར་བྱས་པའི་མཇུག་འབྲས་ཡར་ཞུ་བྱས་པར་ཉན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུའི་གྲོས་ཆོད(འཆར་ཟིན)དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(དག་བཅོས་འཆར་ཟིན)དངཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་སྲོལ་ཡིག(དག་བཅོས་འཆར་ཟིན) ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྲོལ་ཡིག(དག་བཅོས་འཆར་ཟིན)བཅས་ཀྱི་གྲོས་ཆོད(འཆར་ཟིན)སྐོར་ལ་གྲོས་འཆམ་བྱུང་བ་དང་། དེ་མིནཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བཟའ་ཚྭ་ལ་ཏེན་རྒྱུ་བསྣན་ནས་ཏེན་མི་འདང་བའི་ནད་འགོག་བཅོས་དོ་དམ་བྱེད་ཐབསམེད་པར་བཟོ་བའི་སྐོར་གྱི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་། གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་གཞིར་ཞིབ་བཤེར་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན་པ་མ་ཟད་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པས་འཐུས་མི་ཚོགས་པ་སོ་སོས་ཀྲུའུ་ཞི་ཚོགས་པས་བཏོན་པའི་འོས་མི་ཁག་གི་མིང་ཐོ (འཆར་ཟིན)དང་འཐུས་མི་ཉི་ཤུ་ཡན་གྱིས་མཉམ་འབྲེལ་སྒོས་བཏོན་པའི་འདེམ་སྒུག་མི་སྣའི་གནས་ཚུལ་སྐོར་ཡར་ཞུ་བྱས་པར་ཉན།
ཁུལ་སྐབས་བཅུ་བདུན་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་འདེམས་སྒུག་འོས་མི་དངོས་གཏན་ཁེལ་བྱས།། (གསར་འགོད་པ་སྒྲོལ་མ་འཚོ་ཡིས།)