(པར་ངོས 1པར་མཐུད་རྒྱུ།)
藏文报
作者:
新闻 时间:2022年12月17日 来源:藏文报
(པར་ངོས 1པར་མཐུད་རྒྱུ།) ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་བསྡད་ཡོད།
ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་ཁུལ་མི་དམངས་སྲིད་གཞུང་གི་ལས་སྒྲུབ་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་གྲོས་ཚོགས་སུ་ཟུར་ཞུགས་བྱས།
བཀྲ་ཤིས་འཚོ་ཡིས་སྙན་ཞུ་རུ 2022ལོ་ནི་སྐབས་འདིའི་དམངས་ཆེན་རྒྱུན་ཨུ་ཁང་གིས་འགན་འཁྲི་ལག་བསྟར་བྱེད་པའི་ལོ་དང་བོ་ཡིན་ལ། ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྒྱུན་ལྡན་མ་ཡིན་པའི་ལོ་གཅིག་ཀྱང་ཡིན། ལོ་གཅིག་གི་རིང་ལ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཡང་དང་བསྐྱར་དུ་ཕོག་པ་དང་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པའི་གནས་བབ་ལ་གདོང་གཏད་དེ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སློབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། དུས་རབས་གསར་བའི་དམངས་ཆེན་བྱ་བའི་གནས་བབ་གསར་བ་དང་ལས་འགན་གསར་བ་ཁོང་དུ་ཡང་དག་པའི་སྒོ་ནས་ཆུད་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་གྱི་རྗེས་སུ་སྙེག་ཅིང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་དང་བླང་བྱར་དམིགས་ལ། མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་བསྟུན་ནས། འགན་འཁྲི་འཁུར་སེམས་བརྟན་པོར་བཅངས་ཤིང་། རང་འགུལ་ངང་རང་འགན་རང་ཁུར་བྱེད་པ། དེ་བཞིན་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་བཅས་བྱས་ཏེ། “གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྱོང་དང“བཅུ་ཡོད་གཞིས་ཁྱིམ”བསྐྲུན་པར་རམ་འདེགས་བྱས་ནས་ཀན་ལྷོ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པར་དམངས་ཆེན་གྱི་སྟོབས་ཤུགས་ཕུལ་ཡོད་ཅེས་བསྟན།
བཀྲ་ཤིས་འཚོ་ཡིས 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བར་བསྐྱོད་པ་དང་། ལོ་བརྒྱ་ཚན་གཉིས་པའི་འབད་བརྩོན་ཁ་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་ལོ་ཡིན་ལ། “གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྱོང་དང“བཅུ་ཡོད་གཞིས་ཁྱིམ”བསྐྲུན་པ། དེ་བཞིན་མཚོ་བོད་ས་མཐོའི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཡིན་ཞིང་། ལྷག་པར་དུ་རང་སྐྱོང་ཁུལ་བཙུཊ་ནས་ལོ་འཁོར 70ལོན་པའི་ལོ་ཡང་ཡིན། རྒྱུན་ཨུ་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས་ལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན། དེ་བཞིན་ཀན་སུའུ་ལ་གནངས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། དེ་མིན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆེན་ཚད་གཞིར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཞི་གཅིག་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་གནད་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ། དེ་མིན་འཕེལ་རྒྱས་ཀྱི་གནས་སྟངས་གསར་བར་མཉམ་འདྲེས་ཡོང་བར་བྱེད་པ་བཅས་བྱེད་པ་དང་། དུས་རབས་གསར་བ་དང་འཐབ་ལམ་གསར་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ཀྱིས་བརྒྱུད་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་གོང་དུ་སྤེལ་ཞིང་། བློ་བརྟན་འགྱུར་མེད་ངང་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་ལྷོད་མེད་ངང“ལས་ཁུངས་བཞི”འཛུགས་པ། དམངས་ཆེན་བྱ་བའི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་འབྲི་བཅས་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་བསྐྲུན་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།
མའོ་ཧྲིན་ལི་ཡིས་སྙན་ཞུའི་ཁྲོད། 2023ལོའི་ཁུལ་ཡོངས་ཀྱི་ཁྲིམས་ཁང་བྱ་བའི་སྤྱིའི་རིག་ལམ་དང་དམིགས་འབེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དོན་འཁྱོལ་གཏིང་ཟབ་དང་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་ཤིང་། ཏང་གིས་ཁྲིམས་འཛིན་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། “ངེས་པར་དུ་གསུམ”སེམས་ལ་བརྟན་པོར་བཅངས་ནས། མི་དམངས་ཀྱི་བླ་ན་མེད་པའི་ཏང་འཛུགས་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དུས་རབས་གསར་བའི་རྒྱུགས་སྤྲོད་ལམ་བུའི་ཐོག་བསྐྱོད་ནས“འདྲི་གཅོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་བྱ་བའི་མཆོང་སྐྱོད་གསར་བ”མངོན་འགྱུར་གང་ཐུབ་བྱས་ཏེ། དུས་རབས་གསར་བའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པ། “བཅུ་ཡོད་གཞིས་ཁྱིམ”གསར་འཛུགས་བྱེད་པ། མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་བཅས་ལ་སྤུས་ལེགས་ནུས་ཆེའི་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱ་དགོས་ཞེས་བསྟན།
ཝང་ལུང་གིས་སྙན་ཞུའི་ཁྲོད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ཁྲོད་ཆེད་དུ“ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས”ཞེས་ནན་དུ་བཤད་ཡོད། དེ་ནི་སྐབས་རིམ་བྱུང་གི་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་ཐེངས་དང་པོ་དང་ཏང་ཀྲུང་དབྱང་གིས་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ཐེངས་དང་པོར་ཆེད་དུདུས་རབས་གསར་བའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆརདཔར་འགྲེམ་བྱས་པའི་རྗེས་ལ། ཞིབ་དཔྱོད་ལས་ཁུངས་ལ་བསྐྱར་དུ་ཆབ་སྲིད་ཀྱི་འགན་འཁྲི་དང་ཁྲིམས་སྐྱོང་གི་འགན་འཁྲི། ཞིབ་བཤེར་གྱི་འགན་འཁྲི་བཅས་སྔར་ལས་ལྕི་བ་སྤྲད་པ་རེད། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱས་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས། ཁྲིམས་ལྟར་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་འཁྲི་ནན་མོར་བསྒྲུབ་སྟེ། “ཞིབ་དཔྱོད་ཆེན་མོ་བཞི”དང“ལས་སྒོ་ཆེན་པོ་བཅུའི”སྤུས་ཀ་ཇེ་ལེགས་དང་ཕན་འབྲས་མཐོར་འདེགས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་དགོས་ཞེས་བསྟན།།
(གསར་འགོད་པ་སྒྲོལ་མ་འཚོས།)