ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ ཚོགས་ཐེངས་གཉིས་པའི་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའིཀན་སུའུ་ཞིང་ ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་བྱ་ཐབས(བཟོ་བཅོས)ལ་གྲོས་འཆམ་བྱ་རྒྱུའི་སྐོར་གྱི་གྲོས་ཆོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའིཀན་སུའུ་ཞིང་ཆེན་ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིགབཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས།
本版导航 各版导航 视觉导航 标题导航 以往报纸

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ ཚོགས་ཐེངས་གཉིས་པའི་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།

(2022ལོའི་ཟླ 12པའི་ཚེས 14ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་།)

藏文报 新闻    时间:2022年12月17日    来源:藏文报

    ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཁུལ་ཞིབ་དཔྱོད་འགོ་འཛིན་ཝང་ལུང་གིས་ཕུལ་བའི་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས། གྲོས་ཚོགས་ཐོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི 2022ལོའི་བྱ་བར་གདེང་འཇོག་གང་ལེགས་གནང་བ་དང་སྙན་ཞུའི་ནང་བཏོན་པའི 2023ལོའི་བྱ་བའི་བཀོད་སྒྲིག་ལ་མོས་མཐུན་བྱུང་བ་རེད། གྲོས་ཚོགས་ཐོག་སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུའི་གྲོས་ཐག་བཅད་པ་ཡིན།
    གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་དང་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ་དང་། བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་དང་། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལག་བསྟར་བྱས་ཏེ། “ཞིབ་དཔྱོད་ཆེན་པོ་བཞི”ཁྱོན་ཡོངས་ནས་འཕེལ་རྒྱས་དང“ལས་སྒོ་ཆེན་པོ་བཅུ”གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་བའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་མཐུན་སྒྲིལ་ཕྱུག་འགྱུར་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོ་གསར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད་སྲ་ཞིང་བརྟན་པ་དང་ནུས་ལྡན་གྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་ལེན་བྱ་དགོས།།