ཧོ་མོའུ་པའོ་དང་རིན་ཆེན་དོན་གྲུབ་འཁོར་དང་བཅས་པས་ཀྲུང་གོའི་གསར་
འགྱུར་ཁང་གི་ཀན་སུའུ་ལ་སྐོར་བགསར་འགྱུར་འཕྲིན་སྤེལ་དང་ཡིག་གཟུགས་
རི་མོ་བརྙན་ཕབ་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།
藏文报
作者:
新闻 时间:2023年08月02日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 25ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་འཁོར་དང་བཅས་པས་ཁུལ་རིག་གནས་ཁང་དུ་ཀྲུང་གོའི་གསར་འགྱུར་ཁང་གི་ཀན་སུའུ་ལ་སྐོར་བགསར་འགྱུར་འཕྲིན་སྤེལ་དང་ཡིག་གཟུགས་རི་མོའི་བརྙན་ཕབ་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་ལ་ལྟ་སྐོར་བྱས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཞའོ་ཧྭ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མེང་ཡན་ལིན་བཅས་ཀྱིས་མཉམ་དུ་ལྟ་སྐོར་བྱས། ཀྲུང་གོ་གསར་འགྱུར་ཁང་ཀན་སུའུ་ཡན་ལག་ཁང་གི་འགོ་གཙོ་དབྱིན་ཁྲུན་ཡུང་གིས་ལྟ་སྐོར་བྱེད་པར་འགྲོ་རོགས་བྱས།
ཧོ་མོའུ་པའོ་འཁོར་དང་བཅས་པས་འགྲེམས་སྟོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་། བརྩམས་ཆོས་ཚང་མར་ཞིབ་ཏུ་བལྟས་ཤིང་། ཡུལ་དངོས་ཀྱི་ལས་སྒྲུབ་མི་སྣ་དང་ཞིབ་བསྡུར་བརྗེ་རེས་བྱས་པ་མ་ཟད། ཀྲུང་གོ་གསར་འགྱུར་ཁང་ཀན་སུའུ་ཡན་ལག་ཁང་གིས་གསར་འགྱུར་འཕྲིན་སྤེལ་འཚོལ་ཞིབ་གསར་གཏོད་དང་སྲོལ་རྒྱུན་གྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་མཉམ་འདྲེས་བྱེད་སྟངས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཧོ་མོའུ་པའོ་ཡིས་ཀྲུང་གོ་གསར་འགྱུར་ཁང་ནི་རྒྱལ་སྤྱི་ལ་ཕྱོགས་པའི་གསར་འགྱུར་སྒྲོག་སྤེལ་སྟེགས་བུ་དང་སྐར་ཁུང་གལ་ཆེན་ཞིག་ཡིན་པས། རྒྱལ་ནང་གི་གནས་ཚུལ་འདྲ་མིན་སྣ་ཚོགས་ཚུར་སྣང་བྱེད་བཞིན་ཡོད། ཐེངས་འདིའི་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་རིན་དང་ཉན་རིན། ཀློག་རིན་ཡོད་ལ་སློབ་གསོའི་བློ་སྒོ་ཡང་ངང་གིས་ཕྱེ་ཡོང་། ཡི་གེ་དང་པར་རིས། ཡིག་གཟུགས། བརྙན་ཕབ། རིག་གནས་གསར་གཏོད་སོགས་གཞི་གཅིག་ཏུ་འདུས་པའི་མཚོན་ཚུལ་གྱི་ཐོག་ནས་དུས་རབས་ཀྱི་རྣམ་པ་མངོན་ཡོད་ལ། “ཀྲུང་གོའི་གསར་འགྱུར”གྱི་ཁྱད་ཆོས་ཀྱང་མངོན་ཡོད། ཉེ་བའི་ལོ་འགར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་དམིགས་བསལ་གྱི་དོ་ཁུར་དང་རྒྱབ་སྐྱོར་འོག ཀན་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ་སྤྱི་ཚོགས་གཏན་འཇགས་དང་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་བཏང་བས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། སྐྱེ་ཁམས་ལེགས་པ། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། (པར་ངོས 2པར་གཟིགས།)