ཀན་ལྷོ་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་པ།
ཧོ་མོའུ་པའོ་དང་མ་ཁུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
藏文报
作者:
新闻 时间:2023年08月02日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 25ཉིན་ལ། ཀན་ལྷོ་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས།
ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་མ་ཁུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧུའུ་ཞའོ་ཧྭ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
འགོ་ཚུགས་མཛད་སྒོར་ཞུགས་པའི་ཁུལ་གྱི་འགོ་ཁྲིད་ལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝེ་ཅི། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ཞའོ་ཏུང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་མེ་དང་མེང་ཡན་ལིན་བཅས་ཡོད།
ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མ་དང་ཁུལ་དང་རྫོང་གི་འབྲེལ་ཡོད་བློ་མཐུན་གདན་ཞུ་ལྟར་འགོ་ཚུགས་མཛད་སྒོར་ཞུགས། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་བྱ་བ་བསྒྲུབས་མྱོང་བའི་བློ་མཐུན་ཁག་ཅིག་དང་གཞི་རིམ་གྱི་བུད་མེད་ཏང་ཡོན། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ། མང་ཚོགས་ཚོགས་པའི་འཐུས་མི་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
གྲོས་ཚོགས་སུ་གུང་གཞོན་ཚོགས་པ་ཁུལ་ཨུའི་འགན་ཁུར་བས་མང་ཚོགས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ་བ་དང་། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་དབྱང་ཞའོ་མེ་ཡིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།
ཧོ་མོའུ་པའོ་ཡིས་ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་སྲིད་ཀྱི་སེམས་ཁྲལ་དང་བུད་མེད་ཀྱི་དགོས་མཁོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པའི་བྱ་བའི་གཏན་གནས་བཅས་ལ་གཞི་ཚུགས་ནས་འགན་འཁྲི་ཁུར་ཕོད་པ་དང་། འགན་འཁྲི་སྒྲུབ་པ། དཀའ་སྤྱད་འབད་བརྩོན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་གཏན་འཇགས་སྲུང་སྐྱོང་བྱེད་པ། བུད་མེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། བུད་མེད་དང་བྱིས་པ་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་བྱ་བ་འབོར་ཆེན་བསྒྲུབས་པས་དུས་རབས་ཀྱི་ཁྱད་ཆོས་དང་ཀན་ལྷོའི་ཁྱད་ཆོས། བུད་མེད་ཀྱི་ཁྱད་ཆོས་བཅས་ལྡན་པའི་བྱ་བའི་མིང་རྟགས་བསྐྲུན་ཞིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་དྲིལ་བསྒྲགས་གླེང་ཕྱོགས་གཡུལ་ས་འཛུགས་སྐྲུན་གྱི་སྔོན་ཐོན་ལས་ཁུངས”དང“ཞིང་ཆེན་ཡོངས་ཀྱི་བུད་མེད་བྱ་བའི་སྔོན་ཐོན་ཐུན་མོང”ལ་བདམས། ལོ་ལྔའི་རིང་ལ། (པར་ངོས 4བར་གཟིགས།)