2023ལོའིའགོ་ནང་ཐང་བུམ་པའིཀྲུང་གོརྒྱལ་སྤྱིའི་ཐག་འཐེན་ཡོངས་བསྒྲགས་འགྲན་
བསྡུར་དང་སྐབས་བདུན་པའི་ཀན་སུའུ་ལིན་ཐན་ཐག་འཐེན་དུས་ཆེན་འགོ་ཚུགས་པ།
藏文报
作者:
新闻 时间:2023年08月02日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 27ཉིན་ལ། 2023ལོའི“འགོ་ནང་ཐང་བུམ་པའི”ཀྲུང་གོརྒྱལ་སྤྱིའི་ཐག་འཐེན་ཡོངས་བསྒྲགས་འགྲན་བསྡུར་དང་སྐབས་བདུན་པའི་ཀན་སུའུ་ལིན་ཐན་ཐག་འཐེན་དུས་ཆེན་འགོ་ཚུགས།
ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧུའུ་པང་ཧྲིན་འགོ་ཚུགས་མཛད་སྒོར་ཞུགས།
ཀྲུང་གོ་ཐག་འཐེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ཀྲིན་ཝུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ཀྱིས་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཙུའོ་ལུང་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུའི་ཀྲུའུ་རེན་ཀྲང་ཀྲིན་ནེང་འགོ་ཚུགས་མཛད་སྒོར་ཞུགས།
2023ལོའི“འགོ་ནང་ཐང་བུམ་པའི”ཀྲུང་གོརྒྱལ་སྤྱིའི་ཐག་འཐེན་ཡོངས་བསྒྲགས་འགྲན་བསྡུར་དང་སྐབས་བདུན་པའི་ཀན་སུའུ་ལིན་ཐན་ཐག་འཐེན་དུས་ཆེན་སྤེལ་བ་ནི་ལོ་ངོ 70འཁོར་བའི་ཁུལ་སྟོན་ལ་ལེགས་སྐྱེས་ཕུལ་བ་ཡིན་པ་དང་། ས་ཁོངས་གཅིག་གི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཡོངས་ལ་བཀྲག་མདངས་བསྩལ་བའི་འགན་འཁྲི་ཁུར་སྟངས་ལག་ལེན་བསྟར་བ་ཞིག་ཡིན་ལ། ལིན་ཐན་གྱི་སྣང་བརྙན་མངོན་པར་བྱས་ནས་ནུས་ཤུགས་ཡོད་རྒུས་འགོ་ནང་ཐང་ཡུལ་སྐོར་ཁུལ་རྒྱལ་ཁབ་ཀྱི A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་དངོས་སྒྲུབ་ཀྱི་སྲིད་ཇུས་ཤིག་ཀྱང་ཡིན། “རྒྱལ་ཡོངས་ཐག་འཐེན་གྱི་ཕ་ས”ཞེས་པ་དེ་ལིན་ཐན་གྱི་མཚོན་རྟགས་མིང་བྱང་ཞིག་ཡིན་པ་དང་ལིན་ཐན་གྱི་གཏམ་རྒྱུད་བཟང་བོ་བཤད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།
ཧོ་ཀྲིན་ཝུན་གྱིས་ཀྲུང་གོའི་ཐག་འཐེན་མཐུན་ཚོགས་ཀྱི་ཚབ་བྱས་ནས་འགྲན་ཞུགས་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མ་ཟད་ཀྲུང་གོའི་ཐག་འཐེན་ལུས་རྩལ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོས་ལིན་ཐན་གྱིས་ཐག་འཐེན་ལོ 600ལྷག་གི་རིང་ལ་རྒྱུན་འཛིན་བྱས་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ནང་བཅུག་པའི་ལིན་ཐན་གྱི“མི་ཁྲིའི་ཐག་འཐེན”དེ་ལོ་རྒྱུས་རྒྱུན་འཛིན་བྱེད་བཞིན་པའི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་སྤྱིའི་ཐག་འཐེན་ཡོངས་བསྒྲགས་འགྲན་བསྡུར་དེ་འགོ་ནང་ཐང་ནས་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་སྤུས་རྟགས་ཀྱི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད་པས། རྒྱ་ཆེའི་ཐག་འཐེན་ལ་དགའ་བོ་བྱེད་མཁན་ཚོས་ཡིད་སྨོན་དང་དགའ་བོ་བྱེད་པའི་ས་ཆ་ཞིག་ཀྱང་ཡིན་པ་དང་། ལིན་ཐན་རྫོང་གིས་ཐག་འཐེན་ལུས་རྩལ་གྱི་རིག་གནས་རྒྱུན་འཛིན་དང་ཐག་འཐེན་ཡོངས་བསྒྲགས་འགྲན་བསྡུར་སྤེལ་བ་བརྒྱུད་ནས། རིག་གནས་དང་ཡུལ་སྐོར་བའི་སྣང་བརྙན་མངོན་པ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་ཉེ་བའི་ལོ་འགར་ཀྲུང་གོར་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་ཐེངས་དང་བོ་ཡིན་པ་དང་། ཨུ་རུ་སུ་དང་ཡོ་ནན་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡོང་བའི་ཆུ་ཚད་མཐོ་བའི་ལུས་རྩལ་བ 300ལྷག་འགྲན་བསྡུར་ནང་ཞུགས་ཡོད་པས་འདི་ནི་གཞི་ཁྱོན་ཆེ་བ་དང་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་ཐག་འཐེན་འགྲན་བསྡུར་ཞིག་ཡིན་པ་དང་། ཀན་ལྷོའི་ཁྱད་ལྡན་ས་ཁོངས་རིག་གནས་མངོན་པའི་ངོ་མཚར་ཆེ་བའི་འདུ་ཚོགས་ཤིག་ཀྱང་ཡིན་ལ། འགྲན་བསྡུར་བྱ་འགུལ་སྤེལ་བའི་སྐབས་སུ་ད་དུང“ལ་གླུ”ཀྱང་བྱ་དགའ་ཆེན་མོའི་འགྲན་བསྡུར་དང་། ཚོང་འགུག་དངུལ་འདྲེན་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ། ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་ཁང་སྒོ་ཕྱེ་བ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ།།