ཀྲུང་གོའི་སྐོར་བྲོ་འཁྲབ་སྟོན་སྐབས་དགུ་བ་དང་ཀླུ་ཆུ་རྫོང་གིས་ཀན་ལྷོ་ཁུལ་བཙུགས་ནས་
ལོ་འཁོར 70ལོན་པར་རྟེན་འབྲེལ་ཞུ་བའི་སྐོར་བྲོའི་རིག་གནས་དུས་ཆེན་འགོ་ཚུགས་པ།
藏文报
作者:
新闻 时间:2023年08月02日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 26ཉིན་གྱི་སྔ་དྲོར། ཀྲུང་གོའི་སྐོར་བྲོ་འཁྲབ་སྟོན་སྐབས་དགུ་བ་དང་ཀླུ་ཆུ་རྫོང་གིས་ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར 70ལོན་པར་རྟེན་འབྲེལ་ཞུ་བའི་སྐོར་བྲོའི་རིག་གནས་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་ཀླུ་ཆུ་རྫོང་བྱ་རྩེད་ཐང་དུ་སྤེལ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ཀྱིས་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།
ཀྲུང་གོའི་ཞབས་བྲོ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཞ་ཞའོ་ཧུའུ་ཡིས་ཤིས་ཚིག་ཕུལ།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ཞའོ་ཏུང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཧྲི་ཀྲུང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་ཝང་ལུང་སོགས་འགོ་ཚུགས་མཛད་སྒོར་ཞུགས།
ཐེངས་འདིའི་རིག་གནས་དུས་ཆེན་ནི་ཀླུ་ཆུ་རྫོང་གིས་སྐོར་བྲོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ནུས་ཤུགས་ཡོད་རྒུས“ཀྲུང་གོའི་སྐོར་བྲོའི་ཕ་སའི”ཁྱད་ལྡན་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ཕྱོགས་སུ་བརྗེ་རེས་བྱེད་སྒོ་ཤུགས་སྣོན་པ་དང་མཉམ་ལས་གཉིས་ཕན་འཚོལ་ཞིབ་བྱེད་པའི་ཐབས་ལམ་དང་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་རྣམ་པ་བཟང་བོ་མངོན་པ་ཞིག་ཀྱང་ཡིན། ཐེངས་འདིའི་སྐོར་བྲོའི་འཁྲབ་སྟོན་ཁྲོད་བོད་ལྗོངས་དང་ཡུན་ནན། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་ལྔའི་བོད་འབྲེལ་ས་ཁུལ་གྱི་འཐུས་མིའི་རུ་ཁག 23ཞུགས་ནས་ལྟད་མོ་བ་ཚོར་ངོ་མཚར་བའི་འཁྲབ་སྟོན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། “སྐོར་བྲོའི་ཕ་ས་དང་མཛེས་པ་བདུན་ལྡན་གྱི་ཀླུ་ཆུའི”རིག་གནས་ནང་དོན་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྨྱན་སྦྱོར་གསར་བ་དང་གཞི་གྲངས་ཅན་གྱི་རོལ་དབྱངས་ཚོང་རའི་ཀླུ་ཆུ་ཡི་མིང་གྲགས་སྐུལ་འདེད་གཏོང་ཆེད། ཐེངས་འདིའི་དུས་ཆེན་ཚོགས་འདུ་དང་བསྟུན་ནས“གཙང་ཆུ་གཉིས་ཀྱི་འགོ་ཁུངས་སྐོར་བྲོ་རོལ་དབྱངས་དུས་ཆེན”སྤེལ་བ་དང་། ཞིང་ཆེན་ཕྱི་ནང་གི་གཞས་པ་གྲགས་ཅན་གདན་དྲངས་ཏེ་དུས་རབས་ཀྱི་འཕེལ་རྒྱས་དང་འབྱོར་འབྲིང་མཉམ་སྐྲུན། དར་རྒྱས་གོང་འཕེལ་གྱི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཐུན་མོང་གི་བསམ་འདུན་ངག་ལ་གྱེར།
ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དང་ཧོ་ནན་ཞིང་ཆེན་གྱི་ཝུའུ་ཏོའུ་རྫོང་། སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རྫོང་དང་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར། ཅ་ཡུས་ཀོན་གྲོང་ཁྱེར་སོགས་མཛའ་མཐུན་རྫོང་དང་གྲོང་ཁྱེར་དང་། རང་ཁུལ་གྱི་རྫོང་སོ་སོ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་པ་འགོ་ཚུགས་མཛད་སྒོར་ཞུགས།
ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྨྱན་སྦྱོར་གསར་འགོད་པ་མང་བོ་ཞིག་གིས་འགོ་ཚུགས་མཛད་སྒོའི་གནས་ཚུལ་སྤེལ།།