本版导航 各版导航 视觉导航 标题导航 以往报纸

གཙོས་གྲོང་ཁྱེར་གྱིས་བདེ་སྐྱིད་ཀྱི་ལམ་ཆེན་བཏོད་ དེ་དམངས་སེམས་ལ་དྲོད་སྐྱིད་སྦྱིན་པ།

藏文报 新闻    时间:2023年08月02日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)    ཉེ་བའི་ལོ་ཤས་རིང་། གཙོས་གྲོང་ཁྱེར་གྱིས“སྒོར་དུང་ཕྱུར་བརྒྱའི་རྫོང་སྟོབས་ཆེན”དང“མཐོ་གནས་ས་ཁུལ་དྲུག”གི་འབད་འཐབ་དམིགས་འབེན་ལ་དམིགས་ནས“ལྟེ་གསུམ་ཁུལ་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་གཙོས་གྲོང་གི་ཡིག་བརྒྱད་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་སྐར་མ30ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་མགྱོགས་པོར་བསྐྲུན་ནས་ལམ་རྒྱུད་ཀྱི་མི་དམངས་ལ་དངོས་ཕན་ཐོབ།    སྡེ་དམངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལམ་དེ་ནི་ཟོག་འདྲེན་རླངས་འཁོར་དང་། འགྲུལ་སྐྱེལ་རླངས་འཁོར། མང་ཚོགས་འགྲོ་སྐྱོད་ཀྱི་ལམ་དུམ་གལ་ཆེན་ཞིག་ཡིན། སྔོན་ཆད་ལམ་འདི་ནི་ཁོད་མི་སྙོམས་པ་དང་། ཆར་བ་འབབ་དུས་འདམ་རྫབ་ཀྱིས་ཁེངས་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཚབ་ཆེན་བཟོས་ཡོད། ད་ལྟ་ལམ་ངོས་སུ་སྣུམ་ནག་བཏིང་ཡོད་པས་འགྲོ་ལམ་ཡངས་ཤིང་ཁོད་སྙོམས་བར་གྱུར་ཡོད་ལ། སྡེ་དམངས་རྣམས་ལ་ཐོན་ལས་སྟོབས་ཆེན་གཏོང་བར་ཡིད་ཆེས་དང་སྤོབས་སེམས་ལྡན།
   རྣམ་གྲངས་ཡག་པོ་ཞིག་གིས་གཙོས་གྲོང་ལ་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རེ་བ་གསར་བ་སྦྱིན་ཡོད། སྐྱ་ཀ་མཁར་ནས་གཙོས་བར་གྱི་གཞུང་ལམ་ནི་གཙོས་གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་ཤིག་ཡིན་ཞིང་། གཞུང་ལམ་དེ 2021ལོའི་ཟླ་བཞི་བར་ལས་འགོ་ཚུགས་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 3.68བཏང་བ་དང་། རིང་ཚད་སྤྱི་ལེ 39.159ཡོད། ལམ་དུམ་ཧྲིལ་བོར་རིམ་པ་གསུམ་པའི་གཞུང་ལམ་ལག་རྩལ་གྱི་ཚད་གཞི་ལྟར་འཆར་འགོད་བྱས་པ་ཡིན། གཞུང་ལམ་གྱི་འགོ་འཛུགས་ས་དེ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཤང་ཕྱུགས་སྐྱའི་ཉིན་ཁ་དང་མཇུག་སྒྲིལ་ས S324ལམ་ཐིག་གི་འགོ་ནང་ཐང་ནས་ཙ་ཡུས་གཞུང་། གཙོས་གྲོང་ཁྱེར་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་གླིང་ཁུལ་གྱི་རིམ་པ་དང་བོའི་གཞུང་ལམ་གྱི་འདྲེས་འཚམས་སུ་ཡོད། མིག་སྔར། ཨར་ལས་བསྡོམས་འབོར་གྱི 70%ལེགས་གྲུབ་བྱུང་ཡོད། ད་ལོའི་ཟླ 7པའི་ཟླ་མཇུག་ཏུ་ཁ་གྱ་སྟོད་དགོན་པ་ནས་གཙོས་གྲོང་ཁྱེར་ཐོན་ལས་གླིང་ཁུལ་བར་གྱི་ལམ་དུམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། འཆར་གཞིར་ཟླ 12པའི་ཟླ་མཇུག་ཏུ་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད། གཞུང་ལམ་བསྐྲུན་རྗེས་ལམ་རྒྱུད་ཀྱི་སྡེ་བ་ཁག་གི་ལམ་ཐིག་དང་ལམ་ཐིག་སྦྲེལ་ནས་དམངས་འཚོའི་ལམ་བུ་དང་། ཡུལ་སྐོར་འགྲོ་ལམ། ཐོན་ལས་འགྲོ་ལམ། དར་རྒྱས་ལམ་བུ་བཅས་སུ་འགྱུར་བ་བྱས་ཏེ་ལན་ཀྲོའུ་དང་། ལིན་ཞ་དང་ཀན་ལྷོར་ཤར་གཏོང་ཐུབ་པའི་ལམ་དྲའི་རྣམ་པ་གཏོད་རྒྱུ་དང་། གཙོས་ཀྱི་འགྲིམ་འགྲུལ་དྲ་རྒྱ་སྔར་བས་ལེགས་སུ་བཏང་སྟེ། མང་ཚོགས་འགྲོ་སྐྱོད་སྟབས་བདེ་རུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།།