(པར་ངོས 1པར་མཐུད་རྒྱུ།) མི
藏文报
作者:
新闻 时间:2023年08月02日 来源:藏文报
(པར་ངོས 1པར་མཐུད་རྒྱུ།) མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད། ཀྲུང་གོ་གསར་འགྱུར་ཁང་ཀན་སུའུ་ཡན་ལག་ཁང་གིས་སྔར་བཞིན་ཀན་ལྷོར་དོ་སྣང་དང་ཐུགས་ཁུར་བྱས་ཏེ། ཀན་ལྷོ་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ཀྲུང་གོའི་གཏམ་རྒྱུད་ལས་ཀན་ལྷོའི་ལེའུ་བཟང་བོ་བཤད་རྒྱུའི་རེ་བ་ཡོད་ལ། ཀན་ལྷོ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཆོས་ལུགས་བྱ་བ་མུ་མཐུད་དུ་བཟང་བོ་སྒྲུབ་པ་དང་། མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་མདུན་དུ་བསྐྱོད་ནས། ཀྲུང་གོ་གསར་འགྱུར་ཁང་ལ་གསར་འགྱུར་གྱི་ཁུངས་སྣེ་སྔར་བས་མང་བོ་མཁོ་འདོན་བྱ་ངེས་ཡིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོ་རྩ་འཛུགས་བྱས་ནས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པའི་བྱ་བ་སྤེལ་བ་དང་། ལྷག་པར་དུ་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་ཧུར་བརྩོན་གྱིས་འགུལ་སྐྱོད་དང་དཔེ་སྟོན་བྱས་ཏེ་མཉམ་འདྲེས་གསར་གཏོད་ཀྱི་དྲིལ་བསྒྲགས་བྱེད་སྟངས་སློབ་སྦྱོང་བྱེད་པ་དང་། མཐོང་ཟིན་པ་དང་བསླབས་ཟིན་པ་དག་བྱ་བའི་ལག་ལེན་ཁྲོད་བཅུག་ནས་བྱ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། ལས་སྒོའི་ནུས་པ་མཐོར་འདེགས་སུ་གཏོང་བ། རང་འགུལ་གྱིས་འགན་ཁུར་ཞིང་གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ། སྔར་བས་ལེགས་པའི་བསམ་པའི་ཉམས་འགྱུར་གྱིས་རང་འཁྲིའི་བྱ་བར་ཞུགས་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་འཛུགས་སྐྲུན་བྱ་ཆེད་བསམ་པའི་གླེང་ཕྱོགས་ཀྱི་སྟོབས་ཤུགས་དང་རྒྱབ་སྐྱོར་མཁོ་འདོན་བྱ་དགོས་ཞེས་བཤད།
འགྲེམས་སྟོན“གསར་འགྱུར+གནའ་བོའི་སྙན་ཆིག”དང“གསར་འགྱུར+ཡིག་གཟུགས”“གསར་འགྱུར+རི་མོ”བཅས་གསར་གཏོད་སྤེལ་གཏོང་གི་བྱ་ཐབས་བརྒྱུད་ནས《གཟའ་འཁོར་རེར་ཚིག་གཅིག》དང《གཟའ་འཁོར་རེར་རི་མོ་ཡོད་པ》《དུས་ཚིགས་ཉེར་བཞི》《བརྙན་ཕབ་བརྩམས་ཆོས》《རྒྱལ་སྤྱིའི་སྤེལ་གཏོང》བཅས་ལེའུ་ལྔ་བརྒྱུད་དེ། ཡིག་གཟུགས་ཀྱི་ཉམས་འགྱུར་དང་རི་མོའི་མཛེས་པ། བརྙན་ཕབ་ཀྱི་དོན་སྙིང་། གསར་འགྱུར་གྱི་དོན་དངོས་བཅས་མཉམ་འདྲེས་ཀྱི་མངའ་ཁོངས་སུ་ལོ་ཟླའི་འཁོར་རྒྱུན་ཁྲོད་ཀྱི་ཀན་སུའུ་གསར་བ་འཚོལ་ཞིབ་དང་། ཀན་སུའུ་ས་བབ་ཀྱི་ཁྱད་ཆོས་མངོན་ཡོད། ཐེངས་འདིའི་འགྲེམས་སྟོན་ཟླ 7པའི་ཚེས 24ཉིན་ནས་ཚེས 28ཉིན་བར་ཡིན་ལ། ཀྲུང་གོ་གསར་འགྱུར་ཁང་ཀན་སུའུ་ཡན་ལག་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་གསར་འགྱུར་ཁང་རྒྱལ་སྤྱིའི་སྤེལ་གཏོང་ཚོགས་པ་ཀན་སུའུ་ཡན་ལག་ཀུང་སིས་སྒྲུབ་འགན་ཁུར་ཞིང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཀན་ལྷོ་ཁུལ་རིག་གནས་ཁང་གིས་སྒྲུབ་རོགས་བྱས།།