本版导航 各版导航 视觉导航 标题导航 以往报纸

ཕ་ ཡུལ་ ཀན་ ལྷོའི་ རྣམ་ པ་ གསར་ བར་ བསྟོད་ པ།

-ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར ༧༠ལོན་པར་བྲིས་པ། སྒྲོལ་མ་ཚེ་བརྟན། [ཀླུ་ཆུ]

藏文报 新闻    时间:2023年08月02日    来源:藏文报

    རླབས་ཆེན་ཏང་གི་ཡང་དག་སྲིད་ཇུས་ཀྱི་འོད་ཟེར།།
ཁ་བ་གངས་ཀྱི་ལྗོངས་སུ་ལམ་ལམ་ངང་འཆར་དུས།།
བདེ་སྐྱིད་དཔལ་ལ་རོལ་བའི་ཆབ་འབངས་ཀྱི་ཞིང་ལ།
རང་དབང་ཞི་བདེའི་དྲོད་ཁོལ་འོད་སྣང་གིས་ཁྱབ་སོང་།།

ཐབས་དང་ཇུས་ལ་འཇོན་པའི་དབུ་ཁྲིད་ཀྱི་དགོངས་པས།།
བཅིངས་འགྲོལ་ཤིང་རྟ་དཀར་པོའི་འཕང་ལོ་ཡི་མུ་ཁྱུད།།
ཕྱོགས་སུ་བྲེས་པའི་གངས་ཅན་ས་མཐོ་ཡི་ཡུལ་གྲུར།།
ཡུལ་གཅིག་བསྐོར་བའི་མཐའ་མེད་མཛད་འཕྲིན་དེ་རྨད་བྱུང་།།

རང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ཡི་ནང་ལ།
དམངས་འཚོ་འགན་ལེན་ཡིད་ཀྱི་གསོས་སྨན་དུ་གྱུར་བས།།
ཁ་ཏོན་གྲེ་བར་བསྐྱིལ་བའི་ཁྱིམ་ནང་གི་རྒན་པ།།
མི་རིགས་མཐུན་སྒྲིལ་གདུགས་ཀྱི་གྲིབ་བསིལ་ན་སྐྱིད་པ།།

པ་ཏ྄འི་རི་མོ་བསྣོལ་འདྲའི་གནག་སྣུམ་གྱི་གཞུང་ལམ།།
འདྲ་མིན་མོ་ཊ་སྣ་ཚོགས་ཐོགས་མེད་དུ་བསྐྱོད་དུས།།
ལ་མོའི་ངལ་བ་བརྟེན་པའི་རྔུལ་ཆུ་ཡི་ལོ་ཟླ།།
ད་ལྟ་ལོ་རྒྱུས་ཁྲོད་ཀྱི་དྲན་པ་རུ་གྱུར་སོང་།།

རིག་པའི་ལྡིང་ཁང་ནང་གི་ལོ་ཆུང་ཚོའི་དགོད་སྒྲ།།
མཛེས་སྡུག་རྣམ་པར་བཀྲ་བའི་སློབ་ཁང་ན་འཛུམ་པ།།
སློབ་གསོར་དུངས་པའི་སློབ་ཁྲིད་དགེ་རྒན་གྱི་གདོང་ལ།།
སྔར་མེད་བརྩོན་འགྲུས་ཆེན་པོའི་གདེང་ཚོད་ཅིག་འཆར་འདུག།

མུ་མཐའ་བྲལ་བའི་ཞིང་ཐང་གཤིན་པོ་ཡི་ཚིགས་ཀྱི།།
གདོང་ལ་འཛུམ་གྱིས་ཁེངས་པའི་ཞིང་བ་ཡི་ཞལ་ནས།།
ལས་ཀ་གླུ་དང་བསྡེབས་པའི་སྤྲོ་སྣང་གི་སེམས་པ།།
སྔོན་ཐོན་རྒྱབ་ཁབ་ཁག་གི་གྲོང་ཁྱེར་ནས་རྙེད་དཀའ།།

སྐྱིད་ན་སེམས་དཔངས་དགུང་མཐའི་སྤྲིན་པ་དང་འདྲེས་ཤིང་།།
སྡུག་ན་བློ་ཤེད་ལྕང་དཀར་ལྕུག་མ་ལ་འཁྲི་སའི།།
ཕྱི་ནང་བཀོད་པ་ལེགས་པའི་རི་གྲོང་གི་ཁང་ཁྱིམ།།
སུམ་རྩེན་གཞལ་ཡས་ཁང་དང་དབྱེར་མེད་དུ་འཁྲུལ་འགྲོ།།

ཕ་ཡུལ་ཀན་ལྷོའི་རྣམ་པ་གསར་བ་འདི་མཐོང་དུས།།
སྔ་ན་མེད་པའི་འཚོ་བའི་གྲུ་ཁ་ཞིག་ཤར་ཡོང་།།
རླབས་ཆེན་ཏང་གི་འཛད་མེད་བཀའ་དྲིན་དེ་ཚོར་ཡོང་།།
སྒོས་སུ་ལོ་འཁོར་བདུན་ཅུའི་བདེ་སྡུག་དེ་དྲན་ཡོང་།།