本版导航 各版导航 视觉导航 标题导航 以往报纸

(པར་ངོས 1པར་མཐུད་རྒྱུ།) ཁུ

藏文报 新闻    时间:2023年08月02日    来源:藏文报

    (པར་ངོས 1པར་མཐུད་རྒྱུ།) ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་བློ་མཐུན་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་མདུན་གྲལ་དང་། ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཕྱོགས་དང་བོ། སྤྱི་ཚོགས་ཞབས་ཞུའི་ཁྱབ་ཁོངས་སོ་སོ་བཅས་དང་ལྷག་པར་དུ་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐག་གཅོད་འཐབ་མོའི་དབུལ་ཐར་མཁྲེགས་གཏོར་དང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ཀྱི་འཐབ་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ནས། དུས་རབས་གསར་བའི་ཀན་ལྷོའི་བུད་མེད་ཀྱི་ཉམས་འགྱུར་མངོན་པ་བྱས་པ་དང“བུད་མེད་ཀྱིས་གནམ་གྱི་ཕྱེད་ཀ་འདེགས་ཐུབ་པའི”དུས་རབས་ཀྱི་སྒྲ་སྐད་དྲག་པོ་དཀྲོལ་བ། “གསུམ་བརྒྱད”དར་དམར་སྒྲེང་མཁན་དང“བུད་མེད་ཀྱི་བྱས་རྗེས”འཇོག་མཁན་སོགས་ལས་རིགས་སོ་སོའི་བུད་མེད་ཀྱི་དཔེ་བཟང་བ་སྐོར་ཞིག་རྒྱ་ཁྱབ་ངང་སྤྱི་ཚོགས་ཀྱི་དཔེ་བཟང་བ་དང་བསྔགས་བརྗོད་ཐོབ་ཅེས་བསྟན།
    ཧོ་མོའུ་པའོ་ཡིས་ཐོག་མའི་ཕུགས་འདུན་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས“ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི”ཁྲོད་བུད་མེད་ཀྱི་རང་གཤིས་མངོན་པ་བྱ་དགོས་པ་དང་། བྱས་རྗེས་བཞག་ནས“འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཐུན་མོང་ཐོག་ཡར་བརྩོན་བྱེད་པའི”ཁྲོད་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་ལ། ཁྱད་འཕགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས“སྤྱོད་བཟང་རྒྱུན་འཛིན་དང་སྲོལ་གསར་གཏོད་པའི”ཁྲོད་བུད་མེད་ཀྱི་གླུ་དབྱངས་ལེན་དགོས། གསར་འབྱེད་གསར་གཏོད་བྱེད་ཕོད་པ་བྱས་ཏེ“སྔོན་ཐོན་བརྩོན་ལེན་དང་རྩེ་གྲ་གཏོད་པའི”ཁྲོད་བུད་མེད་ཀྱི་ཉམས་འགྱུར་མངོན་དགོས་ཞེས་བླང་བྱ་བཏོན།
    མ་ཁུན་གྱིས་ཉེ་བའི་ལོ་འགར། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བུད་མེད་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། བུད་མེད་དང་བྱིས་པའི་བྱ་གཞག་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཅུག་ནས་འཆར་འགོད་བྱས་པ་དང་། བུད་མེད་དང་བྱིས་པའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཙོ་གནད་དཀའ་གནད་གནད་དོན་དེ་དམངས་འཚོའི་ལས་གཞིར་བརྩིས་ནས་སྤྱི་འདོམས་སྐུལ་འདེད་བཏང་སྟེ། དུས་སྐབས་གསར་བའི་བུད་མེད་དང་བྱིས་པའི་བྱ་གཞག་དང་བུད་མེད་ཀྱི་བྱ་བ་གསར་གཏོད་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་ཡོད་ལ། 2023ལོར་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་ཐོག་གཏན་ཁེལ་བྱས་པའི་ལས་འགན་ཁག་ཏུ་གཅིག་སྡུད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀན་སུའུ་རུ་ལག་ལེན་གྱི་ལེའུ་གསར་བ་ཞིག་བརྩམས་པ་དང་། ཁུལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། བུད་མེད་ཀྱི་འགན་འཁྲི་ཁུར་ཕོད་པ་དང་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
    《སྙན་ཞུའི》ནང་འདས་ཟིན་པའི་ལོ་ལྔའི་རིང་གི་བྱ་བ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། མ་ལོངས་པའི་ལོ་ལྔའི་རིང་གི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། 《སྙན་ཞུའི》ནང་དེང་ཕྱིན་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་བུད་མེད་བྱ་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་པ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཀྱི་རྩ་བའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་ཞིག་གཏོད་རྒྱུ་དང་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཁེ་དབང་སྲུང་སྐྱོང་དང་གཏན་འཇགས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོའི་རླབས་ཆེན་ལག་ལེན་ནང་ཞུགས་ནས། ཁུལ་ཡོངས་ཀྱི་བུད་མེག་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།
    ཚོགས་ཆེན་འཚོག་པར་རྟེན་འབྲེལ་ཞུ་བར་ཡོང་མཁན་ལ་ད་དུང་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཚོགས་པ་ཁུལ་ཨུ། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་ཚན་རྩལ་མཐུན་ཚོགས། ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པ་སོགས་མང་ཚོགས་ཚོགས་པ་ཡོད།།