ཧོ་མོའུ་པའོ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས་ཏེ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་
དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་ཁུལ་ཡོངས་ཀྱི་ལག་
ལེན་དོན་འཁྱོལ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ།
藏文报
作者:
新闻 时间:2023年10月28日 来源:藏文报
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 10བའི་ཚེས 20ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། རང་ཁུལ་གྱི་ལག་ལེན་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཆ་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོ་འཛུགས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཐོན་ལས་སྒྲིག་གཞི་ལྗང་མདོག་རིགས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཤིང་། འབྲུ་རིགས་བདེ་འཇགས་འགན་ལེན་གྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་གཏོང་བ། སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པར་བརྟེན་ནས་རིན་ཐང་གསར་བ་འཕེལ་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་བ་བསྐྲུན་པ། ཐོན་ལས་རིགས་སྒྱུར་ལ་བརྟེན་ནས་དགེ་མཚན་གསར་བ་གཏོད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སུཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་རྩིས་ལྟ་སྐུལ་བྱ་བར་སྔར་བས་ཤུགས་སྣོན་པའི་ལག་བསྟར་ཇུས་གཞིསོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། གྲོས་ཚོགས་ཀྱིས་མཉམ་འབྲེལ་གྲོས་ཚོགས་དང་ཆ་འཕྲིན་སྤེལ་རེས། ཁུངས་སྣེ་རྩིས་སྤྲོད། མཉམ་སྒྲུབ་ལྟ་སྐུལ། གྲུབ་འབྲས་མཉམ་སྤྱོད། དོན་དག་གལ་ཆེན་གྱི་སྙན་ཞུ་བཅས“རྐྱེན་སྲོལ་རིགས་དྲུག”དོན་འཁྱོལ་ནན་མོ་བྱེད་པ་དང་། འཇོན་ནུས་མཐོར་འདེགས་ཀྱི“ལས་གྲྭ་ཆེན་པོ་གསུམ”ལག་བསྟར་ཤུགས་ཆེན་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བའི“བྱ་སྤྱོད་བཞི”སྤེལ་བ། ནོར་སྲིད་སྡེ་ཁག་གི་འགན་འཁྲི་གཙོ་བོར་ལྟ་སྐུལ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དང་ལྟ་སྐུལ། ལས་ཁུངས་སོ་སོའི་ནང་ཁུལ་གྱི་ལྟ་སྐུལ། འབྲེལ་ཡོད་མཚམས་སྦྱོར་ལས་ཁུངས་ཀྱི་ལས་གཉེར་ལྟ་སྐུལ། ལས་རིགས་མཐུན་ཚོགས་ཀྱི་རང་གཅུན་ལྟ་སྐུལ་བཅས“གནས་ལྔ་གཞི་གཅིག”གི་ནོར་རྩིས་ལྟ་སྐུལ་མ་ལག་འཛུགས་པར་ཤུགས་སྣོན་དགོས་ལ། ནོར་རྩིས་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་བཏང་ནས། ནོར་སྲིད་མ་དངུལ་དོ་དམ་དང་བེད་སྤྱོད་བཟང་བོ་བྱ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།།