本版导航 各版导航 视觉导航 标题导航 以往报纸

ཁུལ་ཡོངས་ཀྱི“འཛིན་གསུམ་སྐུལ་གསུམ”བྱེད་སྒོའི་ ལྟ་སྐུལ་བྱ་བའི་སྙན་ཞུ་གྲོས་ཚོགས་ཚོགས་པ།

藏文报 新闻    时间:2023年10月28日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 10བའི་ཚེས 23ཉིན་ལ། ཁུལ་ཡོངས་ཀྱི“འཛིན་གསུམ་སྐུལ་གསུམ”བྱེད་སྒོའི་ལྟ་སྐུལ་བྱ་བའི་སྙན་ཞུ་གྲོས་ཚོགས་ཚོགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་ཁུལ་ལྟ་ཞིབ་ཨུའི་ཀྲུའུ་རེན་ཀྲང་ཀྲེང་ནེང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་པ་མ་ཟད་གཏམ་བཤད།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མེང་ཡན་ལིན་དང་ཝང་གོ་ཆིན་གྲོས་ཚོགས་སུ་ཞུགས། 
    ཡར་ཞུའི་གྲོས་ཚོགས་སུ་ལྟ་སྐུལ་ཚན་ཆུང་དང་བོ་ནས་ལྔ་བའི་བར་གྱི་བྱ་བའི་སྙན་ཞུ་ལ་ཉན།
    ཀྲང་ཀྲེང་ནེང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལས་འགན་གཙོ་བོ་དེ་གནད་འགག་གི་གདོང་མཆོང་དུས་སུ་བསླེབས་ཡོད་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་རྩིས་སྤྲོད་བྱེད་པའི་གནད་འགག་སྐབས་སུ་ཡང་བསླེབས་ཡོད། ལྟ་སྐུལ་ཚན་ཆུང་སོ་སོས་བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་། ལྟ་སྐུལ་བྱ་བའི་བྲེལ་མྱུར་རང་བཞིན་ལ་ཤུགས་བསྣན་ཏེ། ལྟ་སྐུལ་ལ་བརྟེན་ནས་སློབ་སྦྱོང་དང་འཕེལ་རིམ། ཕན་ནུས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོབ་པ། མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ལ། བདེ་བླག་ངང་ལོ་ཧྲིལ་བོའི་ལས་གཞི་སོ་སོའི་ལས་འགན་ལ་ཁག་ཐེག་བྱ་དགོས། བྱ་བའི་གཙོ་གནད་སྔར་བས་འབུར་ཐོན་དུ་གཏོང་བ་དང་། ལྟ་སྐུལ་བྱ་བའི་དམིགས་སའི་རང་བཞིན་ཇེ་དྲག་ཏུ་གཏོང་བ། གཏན་ལ་ཕབ་པའི་བཀོད་སྒྲིག་བླང་བྱ་དང་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ། བཀོད་གཏོང་དམ་འཛིན་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་ཀྱི་དཀའ་གནད་སེལ་བར་ཤུགས་སྣོན་པ། མཇུག་འབྲས་ཕྱོགས་སྟོན་ཇེ་དྲག་ཏུ་བཏང་ནས། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ལས་འགན་དང་འཕེལ་རིམ། ཕན་འབྲས་བཅས་ལ་ལྟ་སྐུལ་ཐུབ་དགོས་ལ། ངོས་འཛིན་དང་འགན་འཁྲི། སྤྱོད་ཚུལ་བཅས་ཞིབ་བཤེར་བྱས་ནས། སྤུས་ཚད་མཐོ་ཞིང་ལས་ཕྱོད་མཐོ་བའི་ལྟ་སྐུལ་ཞིབ་བཤེར་གྱིས“འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། དག་ཐེར་ཡོ་བསྲང་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ལྟ་སྐུལ་བྱ་བའི་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་བ། སྣེ་ཁྲིད་དག་ཐེར་ཡོ་བསྲང་གི་སྡེ་ཁག་སོ་སོས་གནད་དོན་ཕྱོགས་སྟོན་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། གནད་དོན་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བ་དེ་མྱུར་དུ་ཐག་གཅོད་དང་ཐོ་འགོད་བྱ་དགོས་པ་མ་ཟད། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་ཀྱིས་དག་ཐེར་ཡོ་བསྲང་གི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་དང་དག་ཐེར་གནད་ལ་མ་འཁེལ་བར་རྗེས་འདེད་སྐུལ་སྒྲུབ་བྱ་དགོས་ལ། ལྟ་སྐུལ་གྱིས་རྣམ་འགྱུར་སྐུལ་བ་དང་དམིགས་འབེན་གྱིས་འགན་འཁྲི་སྐུལ་ནས། “གནད་དོན་ཞིབ་ཐོ”དེ“བདེ་སྐྱིད་རྩིས་ཁྲ”རུ་འགྱུར་དགོས་ཞེས་ནན་གྱིས་བསྟན།།