本版导航 各版导航 视觉导航 标题导航 以往报纸

བསང་ཆུ་རྫོང་གིས་ཚོང་འགུག་དངུལ་འདྲེན་ཇེ་མགྱོགས་སུ་བཏང་ནས་ འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་གཅིག་སྡུད་བྱས་པ།

藏文报 新闻    时间:2023年10月28日    来源:藏文报


    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ད་ལོ་ནས་བཟུང་། བསང་ཆུ་རྫོང་གིས“རྩེར་སོན”གྱི་ཚད་གཞི་རྒྱུན་འཁྱོངས་དང“གང་བའི”རྣམ་པ་རྒྱུན་འཁྱོངས་བྱས་ནས། ཚོང་འགུག་དངུལ་འདྲེན་ཇེ་མགྱོགས་སུ་བཏང་ནས་ལས་གཞི་འགུག་ཐབས་ཇེ་མགྱོགས་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས། ཐོན་ལས་འཕེལ་རྒྱས་ཇེ་བཟང་ཏུ་གཏོང་བའི་ནུས་པ་མུ་མཐུད་དུ་གཅིག་སྡུད་བྱས།
    ཟླ 1པ་ནས 8པའི་བར་དུ། བསྡོམས་པས་ལས་གཞི 6ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར 61.19ཡིན་ལ། ལོ་འཁོར་གྱི་དམིགས་འབེན་འོས་འགན་གྱི 255%ལེགས་གྲུབ་བྱུང་། 
    ཁུལ་ཡོངས་ཀྱིས་རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཟླ 1པ་ནས 8པའི་བར་གྱི་ཚོང་འགུག་དངུལ་འདྲེན་བྱ་བའི་ཕན་འབྲས་ཁྲོད་བསང་ཆུ་རྫོང་ཨང་དང་བོ་ཡིན། 
    ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་ཕྱོགས་བསྡུས་དོ་དམ་མ་ལག་ལ་སྙན་ཞུ་ཕུལ་བའི་ལས་གཞི་བསྡོམས་པས 5ཡོད་པ་དང་། མ་དངུལ་གཏོང་ཚད་བསྡོམས་པས་སྒོར་དུང་ཕྱུར 18.19ཟིན། ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་བའི་ལས་གཞི 3ཡོད་ལ། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར 6.85ཟིན་ཞིང་། མ་དངུལ་སྒོར་དུང་ཕྱུར 5.85དམིགས་སར་འབྱོར་བ་དང་། དམིགས་སར་འབྱོར་ཚད 85%ཟིན།
    ལས་གཞི་དམ་འཛིན་དང་དོན་འཁྱོལ་ལ་མཐོང་ཆེན་བྱས་པ། བསང་ཆུ་རྫོང་གིས་ད་ལོའི་ཟླ 1པ་ནས 8པའི་བར་བསྡོམས་པས G1816གཙོས་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལས་གཞི་ཚུད་པའི་ལས་གཞི 6ལ་གན་རྒྱ་བཞག་པ་དང་། སྐབས 29པའི་ལན་ཀྲོའུ་ངོ་འཕྲད་གྲོས་མོལ་གྲོས་ཚོགས་སྟེང་བསྡོམས་པས་ལས་གཞི 3ལ་གན་རྒྱ་བཞག་པར་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 13.84ཡིན།
    མཉམ་ལས་བརྩོན་ལེན་དང་གོ་སྐབས་དམ་འཛིན་བྱས་པ། ད་ལོའི་ཟླ 8པའི་བར་དུ། བསང་ཆུ་རྫོང་གི་ཏང་སྲིད་འགོ་ཁྲིད་པ་གཙོ་བོ་དང་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྔ་རྗེས་སུ་རུ་ཁག་ཁྲིད་དེ་པེ་ཅིང་དང་ཐེན་ཅིན། ཧང་ཀྲོའུ། ཀོང་ཏུང་། ཧྲིན་ཀྲེན། མཚོ་སྔོན་སོགས་སུ་སོང་ནས་ཚོང་འགུག་དངུལ་འདྲེན་གྱི་བྱ་འགུལ་ཐེངས 8ལ་རྟོག་ཞིབ་དང་འབྲེལ་མཐུད་བྱས། གཙོ་བོ་ནུས་རྒྱུ་གསར་བ་དང་རྨང་གཞིའི་སྒྲིག་བཀོད། རིག་གནས་ཡུལ་སྐོར། གཞི་གྲངས་ཆེན་མོ། ཚན་རྩལ་གསར་གཏོད། སྐྱེ་ལྡན་ལུད་རྫས་སོགས་ཀྱི་ལས་གཞི་དང་འབྲེལ་བ་ཡོད་ལ། མཉམ་ལས་ཀྱི་རེ་འདོད་ཡོད་པའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 31.7ཟིན་པ་མ་ཟད། སྒོར་དུང་ཕྱུར 1.5ཡི་འཐབ་ཇུས་རང་བཞིན་གྱི་སྒྲོམ་གཞིའི་གྲོས་མཐུན་ཆིངས་ཡིག་བཞག
    བསང་ཆུ་རྫོང་གིས་ལྟེ་བའི་བྱ་བ་གཙོ་བོ་དམ་པོར་དམིགས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དེ་ལས་ཕྱོད་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གཙོ་བོར་བརྩིས་ནས། ནུས་ཤུགས་ཡོད་རྒུས་ཚོང་ལས་ལ་མཐོང་ཆེན་དང་། ཚོང་ལས་ལ་དགའ་ཞེན། ཚོང་ལས་ལ་སྲུང་སྐྱོང་། ཚོང་ལས་ལ་རོགས་རམ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ། ཚོང་འགུག་དངུལ་འདྲེན་གྱི་ཐོད་བརྒལ་ཆེན་པོས་འཕེལ་རྒྱས་ཀྱི་སྒུལ་ནུས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། “འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་དང“ཚོང་བ་ཆེན་པོ་འགུག་པ་དང་ཚོང་འདྲེན་ཆེན་པོ་བྱེད་པའི”བྱ་བ་གཉིས་ཟུང་འབྲེལ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་བ་སོ་སོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།།

    ཉེ་བའི་ལོ་ཤས་རིང་ལ། ཀན་ལྷོ་ཁུལ་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རང་འགུལ་ངང་ཞུགས་ཏེ། འབྲི་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུད་བཟང་གསོ་སྤེལ་དང་ལེགས་བསྡུས་ཞིབ་གཉེར་གསོ་སྤེལ། ཞིབ་ཚགས་ཅན་གྱི་ལས་སྣོན་དང་། ཚད་ལྡན་ཅན་གྱི་ཚད་གཞི། སྤུས་རྟགས་ཅན་གྱི་ཚོང་གཉེར། རྩ་འཛུགས་ཅན་གྱི་འགན་ལེན་བཅས་མ་ལག་ཆེན་པོ 6ལ་བརྟེན་ནས། ཕྱུགས་ལས་ཐོན་རྫས་རིམ་བཞིན་རྩེར་སོན་ཅན་གྱི་ཚོང་རའི་ཕྱོགས་སུ་བསྐྱོད་པ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད་ལ། ཐོན་ལས་སྦྲེལ་ཐག་དང་ཕྱིར་འཚོང་གི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ཇེ་ལེགས་དང་མང་ཚོགས་ཀྱི་ཡོང་འབབ་གཏན་འཇགས་ཡོང་བར་ཁག་ཐེག་བྱས།།