本版导航 各版导航 视觉导航 标题导航 以往报纸

གསར་ འགྱུར་ མདོར་ བསྡུས།

藏文报 新闻    时间:2023年10月28日    来源:藏文报

    ༄༅།། ཟླ 10བའི་ཚེས 20ཉིན་ལ། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད། ཁོས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས“ཡུན་རིང་གི་གནས་བབ་དོན་གཉེར་དང་ཡུན་རིང་གི་བྱ་ཐབས་སྤྱོད་པ། ཡུན་རིང་བདེ་འགོད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི”ཁྲོད་ཚུད་པའི་ཚན་རིག་གི་འདུ་ཤེས་དང་ལག་ལེན་གྱི་བྱེད་ཐབས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་བྱས་པར་བརྟེན་ནས་རིན་ཐང་གསར་བ་འཕེལ་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་བ་གཏོད་པ། ཐོན་ལས་རིགས་སྒྱུར་ལ་བརྟེན་ནས་ལེགས་ཆ་གསར་བ་གཏོད་པ་བཅས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་ཧུར་ཐག་སྒོས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།།
    ༄༅།། ཟླ 10བའི་ཚེས 19ཉིན་ལ། ཞིང་ཆེན་སྐྱེ་ཁམས་དང་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་དང་བྱ་བའི་སྐུལ་འདེད་གྲོས་ཚོགས་ཚོགས།
    ཁུལ་དཔོན་གཞོན་པ་ཝང་ཧྥང་ཀན་ལྷོའི་ཡན་ལག་ཚོགས་ར་རུ་གྲོས་ཚོགས་སུ་ཞུགས།
    ༄༅།། ཟླ 10བའི་ཚེས 25ཉིན་ལ། ཀན་ལྷོ་ཁུལ་གྱིས་ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཀན་སུའུ་ཞིང་ཆེན་གྱི“རྫོང་རིམ་པའི་བཟོ་ཚོགས་ཀྱི་ཤུགས་སྣོན་ལོའི”སྐུལ་འདེད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བརྙན་འཕྲིན་གྲོས་ཚོགས་ཚོགས།།