本版导航 各版导航 视觉导航 标题导航 以往报纸

ཟླ 1པ་ནས་ཟླ 9བའི་བར་དུ་རང་ཁུལ་གྱི་ཞིང་ཆེན་དང་ ཁུལ་རིམ་པའི་འཛུགས་སྐྲུན་ལས་གཞི་གལ་ཆེན་གྱི་ འཕེལ་རིམ་བདེ་བླག་ཡིན་པ།

藏文报 新闻    时间:2023年10月28日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་གོང་འཕེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་རང་ཁུལ་གྱིས“འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ནས་ཞིང་ཆེན་དང་ཁུལ་རིམ་པའི་མ་འཇོག་ལས་གཞིའི་རྩིས་ཁྲའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ཐད་དམ་འཛིན་ནན་མོ་བྱས་ནས་མ་འཇོག་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་། ལོ་འཁོར་འདིར་ཞིང་ཆེན་དང་ཁུལ་རིམ་པའི་ལས་གཞི་གལ་ཆེན་ཁག 69ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 1318.1གཏོང་རྒྱུ་དང་། ལོ་འཁོར་འདིར་མ་དངུལ་སྒོར་དུང་ཕྱུར 177.8གཏོང་རྩིས་ཡོད། ཟླ 1པ་ནས་ཟླ 9བའི་བར་འཛུགས་སྐྲུན་ལས་གཞི་ཁག 59ལས་འགོ་ཚུགས་པ་དང་ལས་འགོ་འཛུགས་ཚད 86%ཡིན་ལ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར 119.87བཏང་བ་དང་ལོ་འཁོར་གྱི་འཆར་གཞིའི་དམིགས་འབེན་ལས་འགན་གྱི 67%ལེགས་གྲུབ་བྱུང་བས། མ་འཇོག་ལེགས་གྲུབ་བྱུང་ཚད་དང་ལས་གཞིའི་འཕེལ་རིམ་ཚང་མ་ལོ་སྔོན་མ་ལས་བཟང་།
    ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཁག 10ལག་བསྟར་བྱེད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 1172.1གཏོང་རྒྱུ་དང་། ལོ་འཁོར་འདིར་མ་དངུལ་སྒོར་དུང་ཕྱུར 112.3གཏོང་རྩིས་ཡོད། ཟླ 1པ་ནས་ཟླ 9བའི་བར་ལས་གཞི་ཚང་མ་ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད 100%ཡིན་ལ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར 85.74བཏང་བ་དང་འཆར་གཞིའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་། ཁུལ་རིམ་པའི་གཙོ་གནད་འཛུགས་སྐྲུན་ལས་གཞི་ཁག 59ལག་བསྟར་བྱེད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 146གཏོང་རྒྱུ་དང་། ལོ་འཁོར་འདིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 65.5གཏོང་རྩིས་ཡོད། ཟླ 1པ་ནས་ཟླ 9བའི་བར་ལས་གཞི་ཁག 49ལས་འགོ་ཚུགས་པ་དང་ལས་འགོ་ཚུགས་ཚད 83%ཡིན་ལ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར 34.13བཏང་བ་དང་འཆར་གཞིའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་།
    གོམ་སྟབས་རྗེས་མར་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས“འཛིན་གསུམ་སྐུལ་གསུམ”གྱི་བྱེད་སྒོ་དང་ཟུང་འབྲེལ་གྱིས་ལག་བསྟར་དང་དོན་འཁྱོལ་ཐད་དམ་འཛིན་ནན་མོ་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོའི་བཀོད་གཏོང་དོ་དམ་ལ་སྔར་བས་ཤུགས་བསྣན་ཏེ། ལས་གཞི་འགན་ལེན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ལས་གཞི་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་གཞི་འཛུགས་སྐྲུན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ། བདེ་འཇགས་དང་སྤུས་ཚད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་གཞི་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་དུས་བཅད་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན།།