本版导航 各版导航 视觉导航 标题导航 以往报纸

ཅོ་ནེ་ཡིས་དྲོད་རླངས་མཁོ་འདོན་གྱི་དམངས་འཚོའི་མཐའ་འཚམས་བསྲུངས་ནས“ནང་སེམས་དྲོན་པོའི་ལས་གཞིར”སྐུལ་འདེད་བཏང་བ།

藏文报 新闻    时间:2023年10月28日    来源:藏文报

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། གསར་འགོད་པ་ཅོ་ནེ་རྫོང་གི་དྲོད་རླངས་མཁོ་འདོན་ཁེ་ལས་དང་སྡོད་ཁུལ། ཁྱིམ་ཚང་རེ་འགར་སོང་སྟེ་དྲོད་རླངས་མཁོ་འདོན་གྱི་གནས་ཚུལ་དང་དྲོད་རླངས་སྤྱོད་མཁན་གྱི་ཁྱིམ་ཚང་གི་ཁང་བའི་དྲོད་གྲང་གི་གནས་ཚུལ་ལ་ཡུལ་དངོས་ནས་བཅར་འདྲི་བྱས། གསར་འགོད་པ་དྲོད་རླངས་སྤྱོད་མཁན་གྱི་ཁྱིམ་དུ་ཐོན་དུས། ཁང་བའི་ནང་དུ་དྲོད་ལམ་ལམ་བྱེད་ཀྱིན་ཡོད་ལ། ནང་དུ་ཐོན་མ་ཐག་ལུས་ཡོངས་སུ་དྲོད་ལམ་མེར་འོང་བའི་སྐྱིད་སྣང་ཞིག་སྟེར་ཐུབ། བདེན་ཏེ། དྲོད་མི་དྲོད་ཅེས་པ་དེ་ཡང་ལྟོས་བཅས་ཡིན་པས། ཁྱིམ་བདག་གིས་ཤེས་ཐུབ་ངེས་ཡིན།
    ཅོ་ནེ་རྫོང་ཐང་ཁ་ཁྲོན་སྡོད་ཁུལ་གྱི་སྡོད་མི་ལི་ཁུའེ་ཤིའུ་ཡིས“ལོ་གཉིས་ཀྱི་སྔོན་ལ་ཁང་བའི་ནང་ཧ་ཅང་གྲང་མོ་ཡིན་ལ། དྲོད་རླངས་ཡང་དེ་ཙམ་དྲོད་རྒྱུ་མི་འདུག ནམ་རྒྱུན་ང་ཁྱིམ་དུ་ཐོན་དུས་སྲིང་བལ་གྱི་ལྭ་བ་མཐུག་པོ་རེ་གྱོན་དགོས་ཀྱི་ཡོད། འོན་ཀྱང་ད་ལོ་ནས་བཟུང་ཁྱིམ་དུ་དྲོད་རླངས་དྲོན་པོ་འདུག་པས་སྲིང་བལ་གྱི་ལྭ་བ་མཐུག་པོ་དེ་ཕུད་པས་ཆོག”ཅེས་བཤད། ཅོ་ནེ་རྫོང་གི་ཞོ་བཟང་ཡ་རུ་སྡོད་ཁུལ་གྱི་སྡོད་མི་ཁྲེན་དབྱིན་ཤང་གིས“རྫོང་གིས་ན་ནིང་མདོང་ལམ་དྲ་བ་སྒྱུར་བཀོད་རིམ་སྤོར་བྱས་ནས་དྲོད་རླངས་མཁོ་འདོན་ཀུང་སི་གསར་བ་ཐོན་པ་ནས་བཟུང་། ང་ཚོའི་ཁྱིམ་ནང་གི་དྲོད་ཚད་ཡང་མཐོ་རུ་ཕྱིན་ཡོད་ལ། དེ་སྔར་དྲོད་རླངས་རྩ་བ་ནས་མི་དྲོད་མོད། ད་ལོར་དྲོད་རླངས་ན་ནིང་ལས་ཀྱང་དྲོན་པོ་ཡོད་པས་ང་ཚོས་ད་ལོའི་དྲོད་རླངས་མཁོ་འདོན་ལ་བློ་ཡིད་ཚིམས་ཡོད”ཅེས་བཤད།
    དྲོད་རླངས་མཁོ་འདོན་འགན་ལེན་བྱ་བ་དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་བོའི་བདེ་སྡུག་དང་འབྲེལ་བ་ཡོད་པས། དམངས་འཚོ་དང་འབྲེལ་བའི་ལས་གཞི་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི“ཡིད་སེམས་དྲོ་བའི་ལས་གཞི”གལ་ཆེན་ཞིག་ཀྱང་ཡིན། ཅོ་ནེ་རྫོང་གིས་ད་ལོའི་ཟླ 10བར་དྲོད་རླངས་མཁོ་འདོན་བྱས་པ་ནས་བཟུང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ལེགས་པོ་ཐོབ་ཡོད།
    ད་ལོ་ནས་བཟུང་། ཅོ་ནེ་རྫོང་གིས་དྲོད་རླངས་མཁོ་འདོན་གྱི་ཚད་གཞི་དང་དྲོད་རླངས་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལེགས་པོ་བྱས་ཤིང་། དྲོད་རླངས་མཁོ་འདོན་གྱི་དྲ་བའི་བཀོད་སྒྲིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་དྲོད་རླངས་མཁོ་འདོན་གྱི་མདོང་ལམ་དྲ་བའི་སྒྲིག་བཀོད་གསར་བརྗེས་དང་སྒྱུར་བཀོད་ལ་ཤུགས་སྣོན། བདེ་འཇགས་ཐོན་སྐྱེད་དོ་དམ་དང་རྡོ་སོལ་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ། དྲོད་རླངས་མཁོ་འདོན་གྱི་འཕྲལ་སྡོམ་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྡོད་མིར་དྲོད་སྐྱིད་ལྡན་པའི་ངང་དགུན་བསྐྱེལ་ཐུབ་པར་འགན་ལེན་བྱས།།